ལྷ་ས་གྲོང་ཁྱེར་ནང་འཛུགས་བསྐྲུན་ཡར་རྒྱས།

རྒྱ་ནག་སྲིད་གཞུང་ནས་ལྷ་ས་གྲོང་ཁྱེར་ཡར་རྒྱས་གཏོང་རྒྱུར་རྒྱ་མིའི་དངུལ་ལོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་གནད་པའི་ཟླ་བ་བདུན་རིང་གི་ལས་གཞི་ཞིག་འགོ་འཛུགས་བྱས་འདུག

༄༅།    །རྒྱ་ནག་གཞུང་གིས་དབང་བའི་རྒྱ་ནག་གི་བོད་གསར་ལས་ཁང་གིས་རེས་གཟའ་པ་སངས་ཉིན་སྐོང་ཚོགས་བྱས་པའི་གྲོང་ཁྱེར་ལྷ་སའི་སྲིད་གཞུང་གི་གསར་འགོད་ལྷན་ཚོགས་སྐབས་གསལ་བསྒྲགས་བྱས་པའི་གནས་ཚུལ་ལུང་འདྲེན་བྱས་པའི་ནང༌། གྲོང་ཁྱེར་ལྷ་ས་ཡར་རྒྱས་གཏོང་རྒྱུའི་ལས་འཆར་དེའི་འོག བར་སྐོར་ཁུལ་གྱི་སྲང་ལམ་དང་།    ས་འོག་ཆུ་འགྲོ། འཐུང་ཆུ་དང་གློག་སྐུད་བཅས་གསར་བཟོ་བྱ་རྒྱུ་དང་།    དེ་བཞིན་གྲོང་ཁྱེར་ལྷ་ས་ཁུལ་གྱི་ཚ་གློག་དང་གཙང་སྤྲ་འཕྲོད་བསྟེན་གྱི་ཆ་རྐྱེན་གོང་འཕེལ་གཏོང་རྒྱུ། མེ་སྐྱོན་མ་ཤོར་བའི་ཐབས་ཤེས་དང༌། ཁྲིམས་འགལ་ཨར་ལས་བྱས་པའི་ཁང་པ་ཤིག་རལ་གཏོང་རྒྱུ། གྲོང་ཁྱེར་ཁུལ་འགྲིམས་འགྲུལ་ཕྱོགས་སྟོན་གྱི་ཁ་སྦྱང་དེ་ཚོ་གསལ་དུ་གཏོང་རྒྱུའི་འཆར་གཞི་འདུག
ལྷ་སའི་ནང་གི་བར་སྐོར་ནི།    དུས་རབས་བདུན་པའི་སྐབས་བཞེང་སྐྲུན་ཞུས་པའི་ལྷ་ལྡན་གཙུག་ལག་ཁང་གི་མཐའ་འཁོར་ཆགས་པའི་གནའ་བོའི་ས་ཁུལ་ཞིག་ཡིན་སྟབས།    མི་འབོར་འཛོམས་ཆེ་ཤོས་ཀྱི་ས་ཁུལ་ཅིག་ཆགས་ཀྱི་ཡོད་ཅིང༌། བར་སྐོར་ནང་ཉིན་ལྟར་དགེ་འདུན་པ་དང༌། གནས་སྐོར་བ། ས་གནས་མི་མང་དང་།    ཡུལ་སྐོར་སྤྲོ་འཆམ་པ་ཕོན་ཆེ་ཡོད་པའི་ཁར། གཙུག་ལག་ཁང་གི་མཐའ་སྐོར་བོད་པའི་གཅའ་དངོས་འཚོང་མཁན་ཚོང་པ་དང༌། ཚོང་ཁང་མང་པོ་ཡོད་པ་རེད།
རྒྱ་ནག་གི་བོད་ཞེས་པའི་གསར་ལམ་གྱིས་མུ་མཐུད་གནས་ཚུལ་སྤེལ་བར་གཞིགས་ན། གྲོང་ཁྱེར་སྲིད་གཞུང་གིས། ལྷ་སའི་ནང་གི་གཞི་རྩའི་ཆ་རྐྱེན་དང་ལམ་གཞུང་འཛུགས་སྐྲུན་ཡར་རྒྱས་བཏང་བའི་སྐབས་སུ་བར་སྐོར་ཁུལ་ཁྲོམ་བཏོན་མཁན་ཚོར་གྱོང་གུན་མ་ཕོག་པའི་ཆེད་མི་ཚོགས་ཆེ་བའི་གྲོང་ཁྱེར་གྱི་ས་ཁུལ་གཞན་ཞིག་དུ་ཁྲོམ་ས་གྲ་སྒྲིག་བྱ་རྒྱུ་ཡིན་ལུགས་བརྗོད་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org