ལ་དྭགས་ཁུལ་དུ་བོད་ཀྱི་ཁོར་ཡུག་གནས་སྟངས་ངོ་སྤྲོད།

བཙན་བྱོལ་བོད་གཞུང་ཕྱི་དྲེལ་ཁོར་ཡུག་ཚན་པས་ལ་དྭགས་ཁུལ་དུ་བོད་ཀྱི་ཁོར་ཡུག་གནས་སྟངས་ཐད་གོ་རྟོགས་སྤེལ་བཞིན་ཡོད་པ་རེད་

2010.07.23

༄༅༎ཕྱི་ཟླ་བདུན་པའི་ཚེས་༢༣ཉིན་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན་ ཕྱི་ལོ་ཉིས་སྟོང་བཅུ་ལོའི་ཕྱི་ཟླ་བདུན་པའི་ཚེས་༢༠དང་༢༡ཉིན་གཉིས་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༥ཕེབས་པའི་དུས་ཆེན་ལོ་གཅིག་ཧྲིལ་པོ་སྲུང་བརྩི་ཞུ་རྒྱུའི་ལས་འཆར་ཁོངས་སུ་ ད་རེ་བཙན་བྱོལ་བོད་གཞུང་ཕྱི་དྲེལ་ཁོར་ཡུག་ཚན་པའི་འགོ་སྒྲིག་འོག་ཕྱི་དྲིལ་ཁོར་ཡུག་ཚན་པའི་འབྲེལ་ཡོད་ལས་བྱེད་ཀྱིས་རྒྱ་གར་ལ་དྭགས་ཁུལ་གྱི་ཅོག་ལམ་སར་དང་ཨག་གླིང་ས་གནས་ནང་ཡོད་པའི་བོད་ཁྱིམ་སློབ་གྲའི་སློབ་ཕྲུགས་རྣམས་ལ་བོད་ཀྱི་ཁོར་ཡུག་དང་འབྲོག་པའི་གནས་སྟངས་ བོད་ཀྱི་རྒྱུགས་ཆུ་དང་གཙང་ཆུ་ཆེ་ཁག་རྣམས་ལ་རྒྱ་ནག་གཞུང་གིས་ཆུ་རགས་རྒྱག་བཞིན་ཡོད་པ་མ་ཟད་ བོད་ཀྱི་རང་འབྱུ་གཏེར་རྫས་སྔོག་འདོན་ཇི་འདྲ་བྱེད་བཞིན་ཡོད་མེད་ཀྱི་གནས་ཚུལ་གསལ་བཤད་དང་ དེ་བཞིན་གློག་བརྙན་གྱི་ལམ་ནས་ཁ་གས་ལ་ངོ་སྤྲོད་གནང་ཡོད་པ་རེད་

དེའི་སྐབས་ཁོར་ཡུག་ཚན་པའི་ལས་བྱེད་ཆོས་སྐྱིད་ལགས་དང་འཇིགས་མེད་ནོར་ནུ་ལགས་གཉིས་ཀྱིས་སྟོང་ལ་ཉེ་བའི་བོད་ཀྱི་རི་དྭགས་ཀྱི་གནས་སྟངས་དང་ ལྷག་པར་དུ་བོད་དང་ལ་དྭགས་ཁུལ་ནང་འཚོ་གནས་བྱེད་བཞིན་པའི་རི་དྭགས་གཙོད་སྐོར་གྱི་གནས་ཚུལ་ངོ་སྤྲོད་གནང་བ་དང་ཆབས་ཅིག སློབ་ཕྲུག་ཚོས་རང་གི་ཕ་མར་ཡང་སྟོང་ལ་ཉེ་བའི་རི་དྭགས་ཀྱི་པགས་རིགས་དང་ དབྱར་རྩ་དགུན་འབུ་སོགས་ཁྲིམས་འགལ་གྱི་ཚོང་ལས་ལ་འཛེམས་ཟོན་གནང་དགོས་པའི་སྐོར་ལམ་སྟོན་བྱེད་དགོས་པའི་སྐུལ་མ་གནང་ཡོད་པ་མ་ཟད་ སློབ་ཕྲུག་ཚོ་དང་དྲི་བ་དྲིས་ལན་ཡང་གནང་ཡོད་པ་རེད་ ཕྱི་ཚེས་༢༤ཉིན་གོང་དུ་ཞུས་པའི་ས་གནས་ཁག་གི་སློབ་དགེ་དང་ལས་བྱེད་ སློབ་ཕྲུག་གི་ཕ་ཚབ་མ་ཚབ་བཅས་ཚང་འཛོམས་ཐོགཁོང་ཚོར་བོད་ཀྱི་ཁོར་ཡུག་གནས་སྟངས་ངོ་སྤྲོད་གནང་ཡིན་འདུག  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎