བོད་ཀྱི་གསོ་རིག་ལ་གཞུང་འབྲེལ་ངོས་འཛིན་ཐུབ་པའི་རེ་བ།

བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དེར་རྒྱ་གར་ནང་ཁྲིམས་ཐོག་ནས་ངོས་འཛིན་ཐོབ་པའི་རེ་བ་གནང་གི་ཡོད་ཅེས་སྨན་པས་གསུངས་འདུག

༄༅༎བོད་ཀྱི་གསོ་བ་རིག་པའི་སྨན་གཞུང་གི་ཐོག་ནས་ཉེན་ཚབས་ཆེ་བའི་ནད་རིགས་འདྲ་མིན་བཅོས་ཐུབ་ཀྱི་ཡོད་ཀྱང་རྒྱ་གར་ནང་སྨན་གཞུང་དེ་ལ་གཞུང་འབྲེལ་ངོས་འཛིན་ཆོག་མཆན་མེད་པ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན་པའི་སྐོར་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་བཅའ་བཞུགས་སྨན་པ་ཁང་དཀར་ཚེ་དབང་སྒྲོལ་དཀར་ལགས་ཀྱིས་གསུངས་ཡོད་འདུག

དེ་ཡང་རྒྱ་གར་གྱི་ཉིན་རེའི་གསར་ཤོག་ཀྲའེམ་སེ་ཨོཕ་ཨིན་ཌི་ཡ་ཞེས་པའི་ཐོག་འདི་ཚེས་བཅུ་གཉིས་ཉིན་སྨན་པ་ཚེ་དབང་སྒྲོལ་དཀར་ལགས་ཀྱིས་འགྲེལ་བརྗོད་གནང་བའི་གནས་ཚུལ་ཞིག་ཐོན་པའི་ནང་ཁོང་གིས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དེ་རྒྱ་གར་ནང་ལག་བསྟར་བྱེད་བཞིན་པའི་ཨ་ཡུར་ལྦེ་ཌིཀ་སྨན་གཞུང་གི་འགྲོ་སྟངས་དང་འདྲ་པོ་ཡོད་པ་ལྟར་སྨན་བཅོས་བྱེད་སྐབས་མིའི་གཟུགས་པོའི་ནང་རླུང་དང་མཁྲིས་པ།བད་ཀན་བཅས་པ་འཁོས་སྙོམ་པོ་བཟོ་ཐབས་སུ་ནད་པའི་དགོས་མཁོ་ལ་གཞིགས་པའི་སྨན་འདྲ་མིན་སྤྲོད་དགོས་ཀྱི་ཡོད་པ་དང་ནད་གཞི་ངོ་རྟགས་འཕྲོད་པའི་ཐབས་ལམ་ནི་རྩ་བལྟ་བ་དང་བཅིན་པར་ཉམས་ཞིབ་བྱས་པ་དཀར་རྩིས་ལ་བསྟེན་པ་སོགས་བོད་ཀྱི་གསོ་བ་རིག་པ་དེ་ནི་མི་ལོ་ཉིས་སྟོང་ཙམ་གྱི་ལོ་རྒྱུས་ཡོད་པའི་སྨན་གཞུང་ཞིག་ཡིན་པ་མ་ཟད་སྨན་གཞུང་འདིའི་རྒྱུད་ནས་འབྲས་སྐྲན་ལྟབུའི་ཆེས་གཞི་ལྗིད་པོའི་ནད་གཞི་ཁག་བཅོས་ཐབས་སུ་ཕན་རླབས་ཆེན་པོ་སྒྲུབ་ཐུབ་ཀྱི་ཡོད་པ་མ་ཟད་སྨན་གཞུང་འདི་ཡར་རྒྱས་གཏང་རྒྱུར་དམིགས་པས་ཞིབ་འཇུག་བྱ་ཐུབ་པའི་སླད་རྒྱ་གར་ནང་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དེར་ཁྲིམས་ཐོག་ནས་ངོས་འཛིན་ཐོབ་པའི་རེ་བ་གནང་གི་ཡོད་ཅེས་གསུངས་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org