རྒྱ་ནག་ནང་སྨན་རྫུན་དང་ཉེས་ཅན་འཛིན་བཟུང་།

རྒྱ་ནག་གིས་སྨན་རྫུན་བཟོ་བྱས་པའི་བྱ་སྤྱོད་ལ་རྒོལ་རྡུང་སྐབས་སྨན་རྫུན་རིགས་དུང་ཕྱུར་གཉིས་རྩད་གཅོད་བྱུང་ཡོད་པ་དང་མཉམ། འབྲེལ་ཡོད་ནག་ཉེས་ཅན་མི་གྲངས་༡༩༠༠ འཛིན་བཟུང་བྱས་ཡོད་པ་རེད་འདུག།

རྒྱ་ནག་གི་ཉེན་རྟོག་པས་གཅིག་གྱུར་སྒོས་ཞིང་ཆེན་༣༡ནང་སྨན་རྫུན་བཟོ་བྱེད་པར་རྒོལ་རྡུང་གཏོང་བའི་ལས་འགུལ་ཞིག་སྤེལ་བའི་ཁྲོད་དུ་ སྡོམ་པའི་རྫུན་བཟོ་བྱས་པའི་སྨན་མཐུན་དུང་ཕྱུར་གཉིས་ལྷག་རྙེད་སོན་བྱུང་ཡོད་ཅིང་།  བྱ་འགུལ་དེས་གྱོད་གཞི་༨༠༠ལྷག་དང་ འབྲེལ་ཡོད་ཉེས་ཅན་པ་༡༩༠༠འཛིན་བཟུང་བྱས་པའི་མ་ཚད།  སྨན་རྫུན་བཟོ་བྱེད་ཡུལ་༡༡༠༠ལྷག་གཏོར་ཐུབ་ཡོད་སྐོར་གཞུང་འབྲེལ་གནས་ཚུལ་ནང་བཀོད་འདུག

རྫུན་བཟོ་བྱས་པའི་སྨན་རིཊ་གཙོ་གྲས་ཁག་ནི་ཁྲག་ཤེད་མཐོ་བའི་ནད་དང་། མངར་གཅིན་གྱི་ན་ཚ། སྐྱི་པགས་ན་ཚ་སོཊ་ལས་གཞན་ ད་དུང་འབྲས་སྐྲན་སྟེ་རྒྱ་སྐད་དུ་ཨེ་ཊིན་ཟེར་བའི་སྨན་སོཊ་ཡོད་ཅིང་།  སྨན་རྫུན་བཟོ་མཁན་ཚོས་ད་དུང་དུག་རྫས་སོཊ་མིའི་ལུས་པོར་གནོད་པའི་རྫས་འདྲ་མིན་བསྲེས་པ་དང་།སྨན་གྱི་ཚོང་རྟཊ་དང་སྨན་སྒམ། ངོ་སྤྲོད་ཡི་གེ་སོཊ་རྫུན་བཟོ་བྱས་པ་ས་ཡ་༡༤ལྷག་ རྩད་གཅོད་བྱུང་ཡོད་པ་དང་།  སྨན་རྫུན་མ་སྤྱིའི་རིན་གོང་རྒྱ་སྒོར་དུང་ཕྱུར་༡༡ལྷག་ཡིན་འདུག

རྒྱ་ནག་ནང་སྨན་རྫུན་མ་བཟོ་བའི་གནད་དོན་ཚབས་ཆེའི་གནས་སུ་ཡོད་ཀྱང་། དཔོན་རིཊ་ཚོའི་ལྐོག་ཟའི་བྱ་སྤྱོད་འོག་སྤྱོད་ངན་དེ་རིཊ་མེད་པར་གཏོང་ཐུབ་ཀྱིན་མེད་སྐོར་འབྲེལ་ཡོད་དབྱེ་ཞིབ་པ་ཚོས་བརྗོད་བཞིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org