ལི་བི་ཡའི་ཛ་དྲག་གི་གནས་ཚུལ་ལ་གདོང་ལེན་བྱ་ཕྱོཌ་གྲོས་བསྡུར།

ཡུ་རོབ་སྤྱི་མཐུན་སྒྲིག་འཛུགས་ཀྱིས་ཨབ་རི་ཀའི་ལི་བི་ཡ་ཡུལ་གྱི་ཛ་དྲག་གི་གནས་ཚུལ་སྐོར་གྲོས་བསྡུར་བགྲོ་གླེང་གནང་ཆེད་ཛ་དྲག་ལྷན་ཚོགས།

༄༅༎དེང་ཨབ་རི་ཀའི་ལི་བི་ཡ་ཡུལ་གྱི་ཛ་དྲག་གི་གནས་ཚུལ་ལ་ཡུ་རོབ་ཡུལ་ཁག་ཚོས་གདོང་ལེན་གནང་ཕྱོགས་སྐོར་གྲོས་བསྡུར་བགྲོ་གླེང་གནང་ཆེད་ཡུ་རོབ་སྤྱི་མཐུན་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་བློན་རྣམ་པ་ཚོ་རྒྱལ་ས་སྦར་སེལ་སེ་རུ་ཛ་དྲག་ལྷན་ཚོགས་འདུ་སྐོང་གནང་ཡོད་པའི་སྐོར་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་མགྲིན་ཚབ་མ་ཀེ་ཐི་རིན་ཨེཤི་ཀྲོན་གྱི་གསུངས་གནང་འདུག་༎

ཡུ་རོབ་མཉམ་སྦྲེལ་ཡུལ་ཁག་གི་ཕྱི་འབྲེལ་བློན་རྣམ་པའི་དམིགས་བསལ་གྱི་ལྷན་ཚོགས་འདིའི་ཐོག་ལི་བི་ཡ་རྒྱལ་ཁབ་ནང་མང་ཚོགས་ཀྱི་གསར་བརྗེ་གྱེན་ལངས་ཀྱི་འཕེལ་རིམ་དང་ ད་ལྟའི་གནས་སྟངས་ དེ་བཞིན་ས་ཁུལ་གཞན་ནང་ཆབ་སྲིད་ཀྱི་ཤུགས་རྐྱེན་ཇི་ཐེབས་བཅས་ཀྱི་སྐོར་དཔྱད་གཞིའི་གྲོས་བསྡུར་གནང་རྒྱུ་དང་ ཆབས་ཅིག་ཚེས་༡༡ཉིན་ཡུ་རོབ་སྤྱི་མཐུན་ཐོག་ནས་ལི་བི་ཡ་རྒྱལ་ཁབ་ཀྱི་གནད་དོན་ཐད་ཛ་དྲག་ལྷན་ཚོགས་ཀྱི་གྲ་སྒྲིག་གནང་རྒྱུ་ཡིན་པ་བཅས་གསར་འགོད་གསལ་བསྒྲགས་བརྒྱུད་གསལ་འདོན་གནང་བཞག རེས་གཟའ་པ་སངས་ཉིན་ཚོགས་རྒྱུའི་ཡུ་རོབ་ཡུལ་ཁག་གི་ཕྱི་འབྲེལ་བློན་ཆེན་གྱི་ལྷན་ཚོགས་འདིའི་ཐོག་རྒྱལ་ཁབ་༢༧གི་ཕྱི་འབྲེལ་བློན་ཆེན་ལྷན་བཅར་ཞུ་རྒྱུ་ཡིན་འདུག་པ་མ་ཟད་ ལི་བི་ཡའི་འགོ་འཁྲིད་མོའོ་མར་ཀ་རྡ་ཕི་ཡིས་དྲག་གནོན་གྱི་བྱེད་སྟངས་ལ་དམག་འཐབ་ཀྱི་གདོང་ལེན་སྤྲོད་དགོས་མིན་སྐོར་གྲོས་བསྡུར་ཞུ་ཆེད་བྱང་ཨེཊ་ལེན་ཊིཀ་དམག་དོན་སྒྲིག་འཛུགས་རྒྱལ་ཁབ་ཁག་གི་བདེ་འཇགས་བློན་༢༨ཡང་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org