འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་འབོད་སྐུལ།

འགྲོ་བ་མིའི་རྟོག་ཞིབ་ཚོགས་པས་ཡོ་རོབ་སྤྱི་མཐུན་ངོས་ནས་རྒྱ་ནག་ནང་གི་འགྲོ་བ་མའི་ཐོབ་ཐང་གི་གནད་དོན་གླེང་བའི་འབོད་བསྐུལ་གནང་བ།

༄༅༎ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་རྟོག་ཞིབ་ཚོགས་པས་རེས་གཟའ་པ་སངས་ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་རེས་གཟའ་མིག་དམར་ཉིན་ཡོ་རོབ་སྤྱི་མཐུན་དང་རྒྱ་ནག་གི་འགོ་འཁྲིད་རྣམས་རྒྱལ་ས་པེ་ཅིང་དུ་ལྷན་ཚོགས་གནང་སྐབས་ཡོ་རོབ་སྤྱི་མཐུན་ངོས་ནས་རྒྱ་ནག་ནང་གི་འགྲོ་བ་མའི་ཐོབ་ཐང་གི་གནད་དོན་དེ་སྣང་མེད་དུ་འཇོག་རྒྱུ་མེད་པའི་འབོད་བསྐུལ་གནང་ཡོད་པ་རེད་ ཕྱི་ཚེས་ ༡༤ ཉིན་གྱི་ཡོ་རོབ་སྤྱི་མཐུན་དང་རྒྱ་ནག་གི་ཆེས་མཐོའི་ལྷན་ཚོགས་དེའི་སྐབས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཇི་ཞན་ཇི་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་དེ་ཡོ་རོབ་ཀྱི་དཔོན་རིགས་རྣམས་ཀྱིས་སྐུ་སྒེར་དང་ཕྱི་ཕྱོགས་སུ་མངོན་གསལ་དོད་པོའི་ཐོག་གླེང་སློང་གནང་དགོས་པའི་འགྲོ་བ་མིའི་རྟོག་ཞིབ་ཚོགས་པས་འབོད་བསྐུལ་གནང་ཡོད་པ་རེད་ འགྲོ་བ་མིའི་རྟོག་ཞིབ་ཚོགས་པའི་རྒྱ་ནག་གི་གནད་དོན་ཐོག་འགན་འཛིན་ལྕམ་སོའོ་ཕི་ཡ་རི་ཆདྲ་སེན་ཡིས་རྒྱ་གཞུང་གིས་སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་། སྤྱི་དམངས་ཀྱི་རང་དབང་ཐོག་ལས་འགུལ་སྤེལ་གནང་མཁན་དེ་བཞིན་རྒྱ་གཞུང་ལ་སྐྱོན་བརྗོད་བྱེད་མཁན་བཅས་པར་གནོན་ཤུགས་ཇི་ཆེར་གཏོང་བཞིན་པའི་དུས་སྐབས་འདིར་ཡོ་རོབ་སྤྱི་མཐུན་ངོས་ནས་དེ་དག་ཐོག་སྐྱོན་བརྗོད་གནང་བ་ཙམ་མ་ཡིན་པར་དེ་དག་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་ངེས་ཅན་དགོས་པ་གསལ་པོ་བཟོ་དགོས་ཞེས་གསུང་འདུག ཁ་སྔོན་ཕྱི་ཚེས་ ༦ ཉིན་འགྲོ་བ་མིའི་རྟོག་ཞིབ་ཚོགས་པས་ཡོ་རོབ་ལྷན་ཚོགས་ཀྱི་སྲིད་འཛིན་ཧར་མེན་ལྦེན་རོམ་པུའེ་དང་ཡོ་རོབ་སྤྱི་མཐུན་ལྷན་ཁང་གི་སྲིད་འཛིན་ཧོ་སེ་མ་ནུཨེལ་སྦ་རོ་སོ་རྣམ་གཉིས་ཀྱི་མཚན་ཐོག་དོན་ཚན་མང་དག་ཅིག་བཀོད་པའི་ཕྱག་བྲིས་ཤིག་ཕུལ་བའི་ནང་བོད་ནང་གི་བོད་མི་རྣམས་ཀྱི་དཀའ་སྡུག་སེལ་རྒྱུར་བོད་མིའི་སྐུ་ཚབ་དང་རྒྱ་གཞུང་བར་དོན་དམ་གྱི་གྲོས་མོལ་ཞིག་འཕྲལ་དུ་གནང་དགོས་པའི་སྐོར་བཀོད་ཡོད་པ་རེད་།            

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org