ངལ་སེལ་བྱ་རྒྱུར་བཀག་འགོག

ས་ཡོམ་གྱི་གོད་ཆག་འཕོག་ཡུལ་དུ་ངལ་སེལ་གྱི་རོགས་རམ་ཆེད་ཕེབས་པ་རྣམས་ལམ་དུ་བཀག་ནས་བསྐྱོད་མ་བཅུག་པ།

ས་ཡོམ་འབྱུང་ཡུལ་དུ་ངལ་སེལ་གྱི་ལས་གཞི་འགྲོ་བཞིན་པ། བོད་ནས་བཏང་འབྱོར།

༄༅།    །རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་ཁོངས་གཏོགས་གཡག་རྔའི་ཁུལ་དུ་ས་ཡོམ་གྱི་གོད་ཆག་འཕོག་མི་རྣམས་ལ་བོད་རིགས་རྣམས་ཀྱི་བསྔོ་སྨོན་གསོལ་འདེབས་དང་།    དངོས་སུ་ས་གནས་སུ་ངལ་སེལ་འགྲོ་བསྐྱོད་སྐབས་རྒྱ་གཞུང་གི་དམག་མིས་བཀག་འགོག་བྱས་འདུག དེ་ཡང་ས་གནས་ནས་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་འགྲེལ་བརྗོད་གནང་དོན་ལྟར་ན། བོད་རིགས་རྣམས་ཀྱིས་ས་ཡོམ་གྱི་གོད་ཆག་འཕོག་ཡུལ་དུ་ངལ་སེལ་གྱི་རོགས་རམ་ཆེད་དུ་བོད་ཀྱི་སྐྱེ་རྒུ་མདོ་ཁུལ་ནས་ཡིན་པའི་དགེ་འདུན་གང་ཙམ་ཞིག་གཡག་རྔའི་ཁུལ་དུ་ཕེབས་ཐོན་གནང་ཡོད་ཀྱང་། རྒྱ་གཞུང་གི་དམག་མིས་བོད་རིགས་དགེ་འདུན་པ་རྣམས་ལམ་དུ་བཀག་ནས་ས་ཡོམ་གོད་ཆག་འཕོག་ཡུལ་དུ་འགྲོ་བསྐྱོད་བྱེད་དུ་བཅུག་མེད་པ་རེད་འདུག འོན་ཀྱང་རྫོགས་ཆེན་དགོན་པའི་དགེ་འདུན་པ་ཁ་ཤས་ས་གནས་སུ་འབྱོར་ནས་དངོས་སུ་ཟས་གོས་སྦྱིན་པའི་རོགས་ཕན་གནང་རྒྱུའི་གོ་སྐབས་བྱུང་འདུག བོད་ཀྱི་ནང་ཆོས་ཆོས་སྒར་ཆེན་པོ་བླ་རོང་སྒར་ནང་བསྟན་གླིང་དང་། ར་རྒྱ་དགོན་པ་སོགས་ཀྱི་དགེ་འདུན་པ་དང་བཙུན་མ་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་ས་ཡོམ་གྱི་གོད་ཆག་བྱུང་བའི་རྒྱ་རིགས་དང་བོད་རིགས་རྣམས་ལ་བསྔོ་སྨོན་གསོལ་འདེབས་གསུངས་ཡོད་པ་རེད་འདུག
ཡང་ཟི་ཁྲོན་ཞིང་ཆེན་གཡག་རྔ་རུ་ས་འགུལ་བྱུང་མ་ཐག་དམངས་ཁྲོད་ཀྱི་རོགས་སྐྱོར་འབྱོར་མཁན་ཨང་དང་པོའི་གྲས་བྱམས་བརྩེ་ཐེབས་རྩ་ཚོགས་པའི་དང་བླངས་མི་སྣ་ཚོས་མུ་མཐུད་ནས་གནོད་འཚེ་བྱུང་སའི་ཁུལ་གྱི་ས་ཆ་ཁུག་ཀྱོག་ན་སོང་ནས་རོགས་སྐྱོར་ལས་དོན་སྤེལ་བཞིན་ཡོད་པ་རེད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org