ཨ་མདོར་ཁོར་ཡུག་གཙང་བཟོ།
མདོ་སྨད་ཨ་མདོ་རྨ་ཆུའི་ཡུལ་ནས་ཕ་ས་གཅེས་སྐྱོང་ཚོགས་པ་ཞེས་པས་ཡང་བསྐྱར་རང་མི་རིགས་ཀྱི་ཆེད་དང་། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་ཆེད། དེ་མིན་ས་གནས་སྔོ་ལྗང་ཅན་དུ་འགྱུར་ཐུབ་པའི་དོན་དུ་མ་སྐུལ་དང་བླངས་ཀྱིས་ཁོར་ཡུག་གཙང་བཟོའི་ལས་འགུལ་སྤེལ་འདུག
-
2013-04-19 -
-
-
༄༅། །ཁ་སང་ཕྱི་ཚེས་༡༨ཉིན་མདོ་སྨད་ཨ་མདོ་རྨ་ཆུའི་ཡུལ་ནས་ཕ་ས་གཅེས་སྐྱོང་ཚོགས་པ་ཞེས་པས་ཡང་བསྐྱར་རང་མི་རིགས་ཀྱི་ཆེད་དང་། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབས་ཆེད། དེ་མིན་ས་གནས་སྔོ་ལྗང་ཅན་དུ་འགྱུར་ཐུབ་པའི་དོན་དུ་མ་སྐུལ་དང་བླངས་ཀྱིས་ཁོར་ཡུག་གཙང་བཟོའི་ལས་འགུལ་སྤེལ་ཡོད་པའི་སྐོར་བོད་ནས་གནས་ཚུལ་བཏང་འབྱོར་བྱུང་། གནས་ཚུལ་དེའི་ནང་འཁོད་པ་ལྟར་ན། ཉེ་བའི་ལོ་ཁ་ཤས་ནང་ཨ་མདོ་རྨ་ཆུ་ནས་གྲོས་མཐུན་དང་བླངས་ཀྱིས་ཡ་རབས་སྤྱོད་བཟང་གི་ཕྱོགས་སུ་གོམས་པའི་རང་མི་རིགས་ཀྱི་སྐད་དང་། ཡི་གེ ཡུལ་སྲོལ་གོམས་གཤིས་སོགས་མི་རིགས་རང་གི་རིག་གཞུང་དར་སྤེལ་དང་འཛིན་སྐྱོང་ཐད་ལ་དོ་སྣང་དང་། ཐུགས་ཁུར་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། དཔེར་ན་འཚེ་མེད་བཟང་སྤྱོད་ཕྱོགས་ནས་མི་སྐྱ་ཚོའི་ནང་མི་སྤུན་གྲོགས་བསྒྲིགས་པ་དང་། མི་རིགས་འཚོ་སྡོད་དང་། གཏན་འཇགས་ཐད་ནས་རུ་དགོན་གཉིས་ཀྱིས་ཕ་སྐད་དམ་འཛིན་གྱི་ཚོགས་པ་འཛུགས་རྒྱུ། ཕ་ས་གཅེས་སྐྱོང་དང་ཕ་ནོར་རྒྱུད་འཛིན་ཐུབ་རྒྱུའི་ཆེད་དགོན་སྡེ་སོགས་གཙོ་བྱས་ཏེ། སྐྱ་སེར་གཉིས་ཀྱི་རང་འཐད་རང་མོས་ཀྱིས་ཁོར་ཡུག་བདག་སྐྱོང་དང་གཅེས་སྤྲས་ཆེད་དུ་ཕ་ས་གཅེས་སྐྱོང་ཚོགས་པ་དང་། ཀུན་ཕན་ཚན་ཆུང་ཚོགས་པ་སོགས་བཙུགས་གནང་བ་ཞིག་ཡིན་པ་རེད་འདུག།