རྒྱ་ནག་གཞུང་དང་མཉམ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་དགོས་པ་ཡོ་རོབ་མཐུན་ཚོགས་ལ་འབོད་སྐུལ།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཡོ་རོབ་མཐུན་ཚོགས་ལ་དོན་ཚན་ལྔ་ཡོད་པའི་སྙན་ཞུ་ཞིག་ཕུལ་ནས་རྒྱ་ནག་གཞུང་དང་མཉམ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་དགོས་པའི་འབོད་སྐུལ་ཞུས་འདུག

རྒྱ་ནག་གི་ཉེན་རྟོག་པས་བོད་མི་འཛིན་བཟུང་བྱེད་བཞིན་པ། ༼ཟླ་ཚེས་མི་གསལ བོད་འབྱོར།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཡོ་རོབ་མཐུན་ཚོགས་ལ་དོན་ཚན་ལྔ་ཡོད་པའི་སྙན་ཞུ་ཞིག་ཕུལ་ནས་རྒྱ་ནག་གཞུང་དང་མཉམ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་དགོས་པའི་འབོད་སྐུལ་ཞུས་འདུག
དེའི་སྐོར་ཇར་མན་ནང་གི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་(Kai Muller)་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལས་ཁང་ལ་གསུང་ན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ཚེས་༢༤་ཉིན་ཡོ་རོབ་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་ལ། དོན་ཚན་ལྔ་ཡོད་པའི་ཞུ་སྙན་ཞིག་ཕུལ་ནས་རྒྱ་ནག་གཞུང་དང་ཡོ་རོབ་མཐུན་ཚོགས་གཉིས་འབྲེལ་བ་གནང་སྐབས། བོད་ནང་གི་གནས་སྟངས་གསལ་བཏོན་གནང་དགོས་པ་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་པོ་ཡོད་པ་གླེང་སློང་དགོས་པའི་འབོད་སྐུལ་ཞུས་པ་མ་ཟད། འདི་ལོའི་ཕྱི་ཟླ་༧་ཚེས་༡་ཉིན་ནས་བཟུང་། ཇར་མན་གྱིས་ཡོ་རོབ་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་ཀྱི་ཐུགས་འགན་བཞེས་ཀྱི་ཡོད་སྟབས། ཇར་མན་གཞུང་ལ་དམིགས་བསལ་གྱི་ཞུ་འབོད་ནན་པོ་གནང་ཡོད་འདུག
གོང་ཞུས་ཞུ་འབོད་དོན་ཚན་ལྔའི་ནང་། བོད་མིའི་ཆབ་སྲིད་དང་སྤྱི་དམངས་ཀྱི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་བརྩི་བཀུར་ཞུ་དགོས་པ་དང་། བོད་མིའི་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་། འདུ་འཛོམས་སོགས་ཀྱི་རང་དབང་ལ་རྒྱ་ནག་གཞུང་གིས་བཀག་སྡོམ་བྱེད་བཞིན་ཁག་པ་ཁག་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་དང་མཉམ་གླེང་སློང་དགོས་པ། དེ་བཞིན་གཞིས་བྱེས་བོད་མི་ཡོངས་ཀྱི་ཆོས་དད་རང་དབང་དང་སྐུའི་ཡང་སྲིད་ཐག་གཅོད་ཞུ་རྒྱུར་བོད་བརྒྱུད་ནང་བསྟན་གྱི་རྗེས་མཇུག་རྣམས་ལ་ཐོབ་ཐང་ཡོད་པ་ལས། རྒྱ་ནག་དམར་པོའི་གཞུང་ལ་མེད་སྐོར་གླེང་དགོས་པའི་འབོད་སྐུལ་ནན་པོ་གནང་ཡོད་འདུག


2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org