རྒྱ་གར་བྱང་ཤར་ཁུལ་དུ་བོད་གནས་པར་རིགས་འགྲེམས་སྟོན།
བཙན་བྱོལ་བོད་གཞུང་ཕྱི་དྲིལ་འགྲེམས་སྟོན་ཚན་པས་རྒྱ་གར་བྱང་ཤར་ཁུལ་དུ་པར་རིགས་འགྲེམས་སྟོན་ཞིག་གནང་ཡོད་པའི་སྐོར།
-
2011-04-01 -
-
-
༄༅༎བཙན་བྱོལ་བོད་གཞུང་ཕྱི་དྲིལ་འགྲེམས་སྟོན་ཚན་པས་རྒྱ་གར་བྱང་ཤར་ཁུལ་དུ་པར་རིགས་འགྲེམས་སྟོན་ཞིག་གནང་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག
ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ཟླ་བ་གསུམ་པའི་ཚེས་༢༨རེས་ཟླ་བའི་ཉིན་ཕྱི་དྲིལ་འགྲེམས་སྟོན་ཚན་པས་རྒྱ་གར་བྱང་ཤར་བསྟན་འཛིན་སྒང་ས་གནས་བོད་མི་རྒན་གཞོན་དང་ སློབ་ཕྲུག་ས་གནས་མི་མང་བཅས་ལ་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བའི་དྲན་རྟེན་གྱི་པར་རིགས་འགྲེམས་སྟོན་གནང་ཡདོ་པ་དང་ གོང་ཚེས་ཉིན་གྱི་སྔ་དྲོ་ཚོུད་དགུ་དང་ཕྱེད་ཀ་ཙམ་ལ་བསྟན་འཛིན་སྒང་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཉི་མ་རྡོ་རྗེ་ལགས་ཀྱིས་འགྲེམས་སྟོན་དབུ་འབྱེད་གནང་ཡོད་ཅིང་ དེ་རྗེས་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་སྐུ་ཞབས་བཀྲིས་ཕུན་ཚོགས་ལགས་ཀྱིས་འགྲེམས་སྟོན་གྱི་ལས་གཞི་ངོ་སྤྲོད་གསལ་བཤད་ཞིབ་ཕྲ་གནང་ཡོད་པ་རེད་ པར་རིགས་འགྲེམས་སྟོན་དེའི་དབུ་འབྱེད་མཛད་སྒོའི་ཐོག་ས་གནས་དེའི་ནང་ཡོད་པའི་དགེ་འདུན་པ་དང་ བོད་མི་ས་གནས་མི་མང་སོགས་མི་གྲངས་ལྔ་བརྒྱ་ལྷག་ཙམ་མཉམ་བཞུགས་གནང་ཡོད་པའི་ཁར་ པར་རིགས་འགྲེམས་སྟོན་དབུ་འབྱེད་མཛད་སྒོའི་ཐོག་ཕེབས་པའི་མི་མང་ཚོས་ བོད་དོན་དང་འབྲེལ་བའི་གློག་བརྙན་ཁག་ཡང་གཟིགས་ཡོད་པ་དང་ ལས་རིམ་དེ་རིམ་པས་རྟ་དབང་ཁུལ་དུ་འགྲེམས་སྟོན་གནང་འཆར་ཡོད་པ་རེད་