ཐེ་ཝན་དུ་བོད་ཀྱི་འགྲེམས་སྟོན།

ཐེ་ཝན་ནང་བོད་ནང་གི་ཛ་དྲག་གནས་སྟངས་ལ་དོ་སྣང་ཡོང་ཐབས་སུ་བདུན་གཉིས་རིང་གི་འགྲེམས་སྟོན་ཞིག་གོ་སྒྲིག་གནང་བཞག།

བོད་ཀྱི་ཆོས་དང་རིག་གཞུང་འགྲེམས་སྟོན་ཞེས་པར་ཕྱི་མིས་གཟིགས་ཞིབ་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅།།དེ་ཡང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང༌། ཐེ་ཝན་བོད་རིགས་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག    རྒྱལ་ས་ཐཡ་པེ་ནང་རེས་གཟའ་ཟླ་བ་ནས་དབུ་འཛུགས་ཐོག་བོད་ཀྱི་འགྲེམས་སྟོན་ཞིག་གོ་སྒྲིག་གནང་ཡོད་པ་རེད།    འགྲེམས་སྟོན་དེ་ནམ་རྒྱུན་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡིན་པའི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་སའི་ཅང་ཀེ་ཤིང་གི་དྲན་རྟེན་ཚོགས་ཁང་གི་ཉེ་འཁྲིས་སུ་ཡོད་པའི་ Liberty Square ཞེས་པར་གནང་གི་ཡོད་པ་རེད།    གཙོ་བོ་རྒྱ་མི་རིགས་ཚོས་བོད་ནང་གི་ད་ལྟའི་གནས་སྟངས་གསལ་པོ་ཤེས་རྟོགས་ཆེད་ཡིན་པ་རེད།  ད་རེས་ཀྱི་འགྲེམས་སྟོན་དེའི་ནང་།  བོད་ཀྱི་རྒྱལ་རབ་དང་། རིག་གཞུང་། ནང་ཆོས་བཅས་ཀྱི་སྐོར་འགྲེམས་སྟོན་མི་འདྲ་བ་ཁག་༥༠ཡོད་པའི་ནང་ནས་འགྲེམས་སྟོན་༡༠གཞིས་ལུས་བོད་མི་ཚོས་བོད་དོན་ཆེ་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་ཕྱིན་པ་ཚོའི་པར་དང་ཁ་ཆེམས་སོགས་རེད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org