ཤིན་ཅང་ནས་ཕྱི་ལ་འབྲེལ་བའི་ལྕགས་ལམ་གསུམ་པ།
རྒྱ་ནག་གིས་ཤིན་ཅང་ས་གནས་ནས་ཕྱི་ཕྱོགས་སུ་རི་ལིའི་འབྲེལ་འཐུད་ལམ་ཁ་ཐེངས་གསུམ་པ་དེ་གསར་བསྐྲུན་བྱེད་བཞིན་ཡོད་འདུག
-
2017-06-06 -
-
-
Your browser doesn’t support HTML5 audio
རྒྱ་ནག་གིས་ཤིན་ཅང་ས་གནས་ནས་ཕྱི་ཕྱོགས་སུ་རི་ལིའི་འབྲེལ་འཐུད་ལམ་ཁ་ཐེངས་གསུམ་པ་དེ་གསར་བསྐྲུན་བྱེད་བཞིན་ཡོད་འདུག
དེ་ཡང་ཤིན་ཅང་ཡུ་གུར་གྱི་Koria ས་གནས་ནས་མཚོ་སྔོན་ཞིང་ཆེན་གྱི་གོར་མོ་རི་ལིའི་བབས་ཚུགས་བར་རིང་ཚད་སྤྱི་ལེ་༡༢༡༣་ཡོད་པའི་རི་ལིའི་འགྲོ་ལམ་ཐོག་མ་དེའི་ཐོག་གཟའ་སྤེན་པའི་ཉིན་ལྕགས་ལམ་གཏིང་འགོ་བཙུགས་ཡོད་པ་དང་། དེ་ནི་ཤིན་ཅང་ས་གནས་ནས་ཕྱི་ཕྱོགས་སུ་རི་ལིའི་འབྲེལ་འཐུད་ལྕགས་ལམ་གསར་བཙུགས་བྱས་པ་ཐེངས་གསུམ་པ་དེ་ཡིན་པའི་སྐོར་རྒྱ་ནག་གི་གསར་འགྱུར་དྲ་གནས་ཐོག་གནས་ཚུལ་བཀོད་འདུག
ཟི་ལིང་གོར་མོ་ས་གནས་ཀྱི་རི་ལིའི་བབས་ཚུགས་དེ་བཞིན་མཚོ་སྔོན་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་འབྲེལ་འཐུད་ཀྱི་གལ་གནད་ཆེ་བའི་རི་ལིའི་བབས་ཚུགས་ཤིག་ཡིན་པ་དང་། ཤིན་ཅང་Koria ས་གནས་ནས་གོར་མོ་བར་རི་ལིའི་ལྕགས་ལམ་གསར་སྐྲུན་བྱས་པ་དེས་བོད་དང་ཤིན་ཅང་དབར་གྱི་རྒྱང་ཐག་ཧ་ཅང་ཐུང་དུ་གཏོང་རྒྱུ་ཡིན་ཞིང་། ད་ལྟའི་ཆར་བོད་ནས་ཀན་སུའུ་ཞིང་ཆེན་གྱི་ལན་ཀྲོའུ་ས་གནས་བརྒྱུད་རི་ལིའི་ནང་ཤིན་ཅང་དུ་བསྐྱོད་དགོས་ཀྱི་ཡོད་པ་དང་། དེའི་རིང་ཚད་སྤྱི་ལེ་༤༠༠༠ཙམ་ཡིན་ཞིང་། ཡིན་ནའི་གོར་མོ་ས་གནས་ནས་ཤིན་ཅང་ནང་རི་ལིའི་ལྕགས་ལམ་གསར་བཙུགས་བྱེད་བཞིན་པ་དེས་ཉུང་མཐར་ཡང་བོད་དང་ཤིན་ཅང་དབར་གྱི་རྒྱང་ཐག་སྤྱི་ལེ་༡༠༠༠ཙམ་ཐུང་དུ་འགྲོ་རྒྱུ་ཡིན་པ་མ་ཟད། གོར་མོ་ནས་Koria ས་གནས་བར་འགྲོ་བསྐྱོད་བྱ་རྒྱུར་དེ་སྔོན་ཚོུད་༢༦ཙམ་འགོར་གྱི་ཡོད་པ་དང་། ད་ཆ་རི་ལིའི་ལྕགས་ལམ་གསར་དུ་བསྐྲུན་པའི་རྗེས་ལམ་བར་ཆུ་ཚོད་༡༢ཙམ་ལས་མི་འགོར་རྒྱུ་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་འཆི་མེད།