རྒྱ་གར་དམག་སྤྱི་ཟུར་པས་བོད་དོན་རྒྱབ་སྐྱོར་གནང་བ།

རྒྱ་གར་གྱི་དམག་སྤྱི་དང་ཁྲིམས་རྩོད་པ་ཚོས་བོད་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་མཚན་རྟགས་བཀོད་གནང་འདུག

2012.10.06

༄༅༎རྒྱ་གར་གྱི་དམག་སྤྱི་དང་ཁྲིམས་རྩོད་པ་ཚོས་བོད་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་མཚན་རྟགས་བཀོད་གནང་འདུག
འདི་ཚེས་༤་ཉིན་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེ་རཱ་ཇ་སེ་ཐན་ནང་འབྱོར་བ་དང་། རཱ་ཇ་སེ་ཐན་མངའ་སྡེའི་ཁྲིམས་ཁང་གོང་མའི་ཁྲིམས་རྩོད་པའི་སྒྲིག་འཛུགས་ནས་བདེན་པའི་མེ་ལྕེར་ཕེབས་བསུ་སྣེ་ལེན་གནང་བ་དང་། ལྷག་པར་རྒྱ་གར་གྱི་ས་དམག་དམག་སྤྱི་ཟུར་པ་སྐུ་ཞབས་ཝི་ ཀེ་ སིངྒ་དང་། དམག་དཔོན་ཟུར་པ་ ཨེན་ སྦི་ སིངྒ་ བཅས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་མཚོན་ཆེད། རྒྱལ་ཚོགས་སུ་འབུལ་རྒྱུའི་བོད་དོན་ཞུ་སྙན་སྟེང་མཚན་རྟགས་བཀོད་གནང་འདུག
རྒྱ་གར་ནང་བདེན་པའི་མེ་ལྕེ་དེ་ཕྱོགས་གསུམ་སྐོར་བསྐྱོད་བྱེད་བཞིན་ཡོད་པ་དང་། དེ་བཞིན་ཨ་རི་དང་ཡོ་རོབ། ཨོ་སི་ཊོ་ལི་ཡ་སོགས་ཕྱི་ཡི་རྒྱལ་ཁབ་སུམ་ཅུ་ལྷག་ནང་སྐོར་སྐྱོད་བྱེད་བཞིན་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎