དྷ་སར་འཚམས་གཟིགས།

ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་བཞི་བཞུགས་སྒར་དུ་ཕེབས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ལ་གཟིགས་ཞིབ་གནང་།

ཕ་རན་སིའི་གྲོས་ཚོགས་འཐུས་མི་རྣམས་ནས་གསར་འགོད་ལྷན་ཚོགས་གནང་བ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།

༄༅། །ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇེན་ཕེ་རན་སིཝ་ཧམ་བྷ་ཊི་ (Mr.Jean-Francois Humbert) མཆོག་དང་སྐུ་ཞབས་མེ་ཁལ་བྷེར་སོན་(Mr.Michel Berson) མཆོག སྐུ་ཞབས་བྷར་ནཊ་ཕོར་ནི་ཡར་ (Mr.Bernard Fournier) མཆོག སྐུ་ཞབས་ཨེན་ཌི་རི་གྷ་ཊོ་ལིན་ (Mr.Andre Gattolin) མཆོག་བཅས་འཐུས་མི་བཞི་ཕྱི་ཚེས་༨ཉིན་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཡོད་པ་རེད། སྐུ་ཚབ་འཐུས་མི་རྣམས་སྐུ་ཚབ་འཐུས་མི་རྣམས་ནས་ད་རེས་ཀྱི་འཚམས་གཟིགས་དེའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ལ་གཟིགས་ཞིབ་གནང་ཡོད་པས་མ་ཚད།    བོད་མིའི་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་ཅིག་གི་ནང་དུའང་འཚམས་གཟིགས་གནང་ཡོད་པ་རེད།    ཕ་རན་སིའི་གྲོས་ཚོགས་འཐུས་མི་རྣམས་ནས་དེ་རིང་ཉིན་རྒྱབ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་དང་འབྲེལ།    ཕ་རན་སིའི་གཞུང་ནས་བོད་དོན་མུ་མཐུད་རྒྱབ་སྐྱོར་ཡོང་ཐབས་སུ་ཤུགས་གནོན་རྒྱག་རྒྱུ་ཡིན་སྐོར་སོགས་གསུངས་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org