སྲིད་འཛིན་ནས་བོད་དོན་གླེང་།

ཕ་རན་སི་སྲིད་འཛིན་Hollande མཆོག་གིས་རྒྱ་ནག་སྲིད་འཛིན་ལ་བོད་ནང་གི་གནས་སྟངས་ཐོག་ལ་ཐུགས་ཚབ་ཡོད་གསུངས་འདུག

ཕ་རན་སིའི་སྲིད་འཛིན་རྒྱ་ནག་ཏུ་འཚམས་གཟིགས་གནང་བཞིན་པ། ཡུ་རོ་གསར་ལས་ཁང་།

༄༅།    །ཕ་རན་སི་སྲིད་འཛིན་ Francois Hollande མཆོག་གིས་ཁ་སང་ཕྱི་ཚེས་ ༢༥ ཉིན་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སྐབས། སྲིད་འཛིན་Xi Jinping དང་མཇལ་འཕྲད་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་།    ལྷག་པར་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་ཕ་རན་སིའི་གཞུང་ལ་ཐུགས་འཚབ་ཡོད་སྐོར་གསུངས་ཡོད་ལུགས་གསར་འགོད་ལྷན་ཚོགས་སུ་འགྲེལ་བརྗོད་གནང་འདུག ཕ་རེན་སི་གསར་ལས་ཁང་དང༌། གཞན་ཡང་ཡུ་རོ་གསར་འགྱུར་བརྙན་འཕྲིན་ཁང་ Euro News གིས་གནས་ཚུལ་སྤེལ་བའི་ནང༌། ཕ་རེན་སི་སྲིད་འཛིན་མཆོག་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གསར་འགོད་ལྷན་ཚོགས་སྐབས། བོད་མིས་རང་སྲེག་ལས་འགུལ་སྤེལ་བཞིན་ཡོད་པ་དེར་དོན་དམ་གྱི་སེམས་ཚོར་ཡོད་སྐོར་གསུང་ཡོད་ཅིང༌། སྲིད་འཛིན་Francois Hollande མཆོག་གིས་འགྲོ་བ་མིའི་ཐོབ་ཐང་དང་།    མང་གཙོའི་ལྟ་གྲུབ་ཐོག་སྐད་ཆ་ཤོད་རྒྱུ་དེ་ཕྱོགས་གཉིས་ཀྱི་གྲོས་མོལ་ཀྱི་ཆ་ཤས་ཤིག་ཆགས་ཡོད་ཅེས་གསུངས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org