རྒྱ་གར་དང་པ་ཀིསྟན་གྱི་སྲིད་བློན་དབར་བཀའ་བསྡུར་གནང་བ།

པ་ཀིསྟན་གྱི་སྲིད་བློན་ནས་རྒྱ་གར་གྱི་སྲིད་བློན་ལྷན་དུ་ཀཤི་མིར་ཐེ་བའི་གལ་ཆེའི་གནད་དོན་ཡོངས་རྫོགས་ཐོག་བཀའ་བསྡུར་གནང་སྐོར།

༄༅༎པ་ཀིསྟན་གྱི་སྲིད་བློན་གི་ལ་ནི་མཆོག་གིས་རྒྱ་གར་གྱི་སྲིད་བློན་ལྷན་དུ་ཀཤི་མིར་ཐེ་བའི་གལ་ཆེའི་གནད་དོན་ཡོངས་རྫོཌ་ཐོག་བཀའ་བསྡུར་གནང་སྐོར་གསུངས་འདུག ཉིན་ཤས་སྔོན་རྒྱ་གར་གྱི་བྱང་ཕྱོཌ་མངའ་སྡེ་པན་ཇབ་ཀྱི་གྲོང་ཁྱེར་མོ་ཧ་ལི་ཞེས་པའི་ནང་རྒྱ་གར་དང་པ་ཀིསྟན་གཉིས་དབར་ཀི་རི་ཀེཏ་ཞེས་པའི་རྩེད་འགྲན་གཟིཌ་མོ་གཟིཌ་པར་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་གིས་པ་ཀིསྟན་གྱི་སྲིད་བློན་ཡུ་སཕ་ར་ཛ་གི་ལ་ནི་མགྲོན་འབོད་ཞུས་པ་ལྟར་ཆེད་ཕེབས་གནང་ཡོད་པ་དང་སྐབས་དེར་སྲིད་བློན་རྣམས་ཀྱིས་ཀཤི་མིར་གྱི་གནད་དོན་ཐེ་བའི་གནད་དོན་ཡོངས་རྫོཌ་ཐོག་བཀའ་བསྡུར་གནང་ལུཌ་པ་ཀིསྟན་གྱི་སྲིད་བློན་གི་ལ་ནིས་གསུངས་འདུག་ལ་ ཡང་ཁོང་གིས་ཇི་སྲིད་ཀཤི་མིར་གྱི་གནད་དོན་མ་སེལ་གྱི་བར་དུ་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་མདུན་བསྐྱོད་ཡོང་རྒྱུ་མིན་ལུཌ་གསུངས་འདུག ཡང་རྒྱ་གར་གྱི་སྲིད་བློན་མཆོག་ནས་མགྲོན་འབོད་གནང་བ་དེ་དང་ལེན་གནང་དགོས་དོན་ནི་སྲིད་བློན་རྣམ་གཉིས་མཇལ་འཕྲད་ཡོང་རྒྱུ་མ་ཟད་ ཡུལ་གྲུ་གཉིས་དབར་མ་མཐུན་པའི་གནད་དོན་ཁག་གི་ཐོག་གྲོས་བསྡུར་གནང་རྒྱུའི་གོ་སྐབས་ཐོབ་རྒྱུ་ཡིན་སྟབས་ཡིན་སྐོར་ཡང་གསུངས་འདུག ཡང་ཁོང་གིས་ཕྱི་ལོ་༢༠༠༨་ལོར་སྲིད་བློན་རྣམ་གཉིས་ཤྲི་ལང་ཀའི་རྒྱལ་ས་ཀོ་ལོམ་སྦོའི་ནང་དང་དེ་ནས་ཕྱི་ལོ་༢༠༠༩་ལོར་ཨི་ཇིབཏ་ཡི་མཚོ་ཁའི་གྲོང་ཁྱེར་ཤམ་ཨེལ་ཤེཀ་དེ་ནས་ཕྱི་ལོ་༢༠༡༠་ལོར་འབྲུག་ཡུལ་གྱི་རྒྱལ་ས་ཐིམ་བུའི་ནང་མཇལ་འཕྲད་གནང་བ་ཁག་གི་སྐོར་གསུངས་པ་མ་ཟད། འབྲུག་གི་རྒྱལ་ས་ཐིམ་བུའི་ནང་མཇལ་འཕྲད་གནང་སྐབས་ཡུལ་གྲུ་གཉིས་དབར་ཕྱི་འབྲེལ་དྲུང་ཆེ་དང་ཕྱི་འབྲེལ་བློན་ཆེན་རིམ་པའི་གྲོས་མོལ་བསྐྱར་གསོ་གནང་རྒྱུའི་གྲོས་མཐུན་བྱུང་ལུཌ་གསུངས་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org