དགེ་བཤེས་ངག་དབང་བསམ་གཏན་ལཌ་ལ་པདྨ་ཤྲི་གཟེངས་རྟཌ།
ལྦ་ན་བོད་ཀྱི་དབུས་གཙུག་ལག་སློབ་གྲྭ་ཆེན་མོའི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན་ལགས་ལ་པདྨ་ཤྲི་གཟེངས་རྟགས་ཐོབ་འདུག
-
2009-01-28 -
-
-
༄༅༎ལྦ་ར་ན་སི་བོད་ཀྱི་དབུས་གཙུག་ལག་སློབ་གྲྭ་ཆེན་མོའི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན་ལགས་ལ་པད་མ་ཤྲི་ཞེས་པའི་གཟེངས་རྟགས་ཐོབ་འདུག
པད་མ་ཤྲི་ཞེས་པའི་གཟེངས་རྟགས་ནི་རྒྱ་གར་གཞུང་གི་ཞི་བའི་གཟེངས་རྟགས་རིམ་པ་བཞི་པ་དེ་ཡིན་པ་རེད། ཕྱི་ཟླ་དང་པོའི་ཚེས་ཉི་ཤུ་དྲུག་ཉིན་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་ཉིན་མོ་རྒྱལ་ཡོངས་མཛད་སྒོ་སྲུང་བརྩི་ཞུས་སྐབས་གོང་ཞུས་གཟེངས་རྟགས་དེ་འབུལ་བཞེས་གནང་བ་ཡིན་པ་རེད། དགེ་བཤེས་ངག་དབང་བསམ་གཏན་ལགས་དང་གཙུག་ལག་སློབ་དཔོན་སི་མིཐ་ཇེ་གའར་ཕིལདྲི་གཉིས་ཟུང་སྦྲེལ་ཐོག་ནས་བོད་ཀྱི་དུས་རབས་བཅུ་བཞི་པའི་ནང་བྱོན་པའི་མཁས་པའི་དབང་པོ་འཇམ་མགོན་ཙོང་ཁ་པས་མཛད་པའི་བསྟན་བཅོས་ཤིག་བོད་ཡིགི་ནས་དབྱིན་ཡིག་ཏུ་བསྒྱུར་གནང་མཛད་དེ་ཕྱི་ལོ་༢༠༠༦ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྤྱན་བསྟར་ཞུས་ཡོད་པ་རེད། དགེ་བཤེས་ངག་དབང་བསམ་གཏན་ལགས་ནི་བོད་ཀྱི་དབུས་མདོ་མཁར་དུ་ཕྱི་ལོ་༡༩༥༦ལོར་སྐུ་འཁྲུངས་ཤིང་ལྦ་ར་ན་སི་དབུས་གཙུག་ལག་སློབ་གྲྭ་ཆེན་མོ་ནས་རིགས་གཅིག་རྐང་འཛིན་སློབ་སྦྱོང་ཐོབ་པ་དང་གདན་ས་ཆེན་པོ་དགའ་ལྡན་ཤར་རྩེ་བཅས་ནས་དགེ་བཤེས་ལྷ་རམ་ཐོན་པ་ཡིན་པ་རེད། ཁོང་གིས་ཨ་རི་སོགས་ཡུལ་གྲུ་མང་པོའི་ནང་གསུང་བཤད་དང་མཁས་པའི་ལྷན་ཚོགས་སུ་ཞུགས་ཡོད་པ་མ་ཟད་ཨ་རིའི་མཐོ་སློབ་ཁག་ཅིག་ལ་སློབ་འཁྲིད་གནང་ཡོད་པ་རེད།