འབར་མའི་གཞུང་གིས་གྲངས་ཉུང་མི་རིགས་ལ་བཙན་གནོན།

འབར་མའི་དྲག་པོའི་གཞུང་གིས་འབར་མའི་གྲངས་ཉུང་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོན་བྱས་པའི་སྐོར།

༄༅༎འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ འབར་མའི་དྲག་པོའི་གཞུང་གིས་འབར་མའི་གྲངས་ཉུང་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོན་བྱས་པའི་སྐོར་ཕྱིར་བཏོན་བྱས་ཡོད་ཅིང་  ཨ་རིའི་ནང་རྟེན་གཞི་བྱས་པའི་སྨན་པའི་འགྲོ་བ་མིའི ཐོབ་ཐང་ཚོགས་ཞིག་གིས་འབར་མ་དྲག་པོའི་གཞུང་གིས་ཡུལ་དེའི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོན་བྱས་པའི་དངོས་ཡོད་གནས་ཚུལ་ཁག་སྡུ་རུབ་བྱས་པ་ཞིག་གཟའ་ལྷག་པའི་ཉིན་སྙན་ཐོ་འདོན་སྤེལ་བྱས་ཡོད་པ་དང་  དེའི་ནང་ འབར་མ་དྲག་པོའི་གཞུང་གིས་ཡུལ་དེའི་གྲངས་ཉུང་མི་རིགས་བེུད་ཚོར་ཙན་གཡེམ་བྱེད་ཡས་དང་ དེ་བཞིན་གང་བྱུང་གིས་མི་བཙན་ཁྲིད་བྱེད་ཡས་  ཉེས་རྡུང་མནར་གཅོད་དང་ ལྐོག་གསོད་བྱེད་ཡས་སོགས་ནག་ཉེས་མང་པོ་ཞིག་བསག་ཡོད་པ་དང་  སྙན་ཐོ་དེའི་ནང་ད་དུང་འཁོད་པར་  སྙན་ཐོ་དེ་འདོན་སྤེལ་བྱ་རྒྱུར་དང་བླངས་ལས་ཁ་བྱེད་མཁན་ཚོས་འདས་པའི་ཟླ་བ་ཁ་ཤས་རིང་ འབར་མའི་ནུབ་བྱང་ས་མཚམས་ཁུལ་གྱི་གྲངས་ཉུང་མི་རིགས་ཚོའི་ཁྱིམ་ཚང་དྲུག་བརྒྱ་ལྷག་ཙམ་ལ་སྐད་ཆ་དྲིས་པའི་ཐོག་ནས་གོང་ཞུས་གནས་ཚུལ་དེ་དག་ཤེས་རྟོགས་བྱུང་ཡོད་ཅིང་  འབར་མ་དྲག་པོའི་གཞུང་གི་བཙན་གནོན་འོག་གི་འཚོ་བ་ཞེས་འགོ་བརྗོད་དུ་འཁོད་པའི་སྙན་ཐོ་དེའི་ནང་ སྐད་ཆ་དྲི་སའི་གྲངས་ཉུང་མི་རིགས་ཀྱི་ཁྱིམ་ཚང་དྲུག་བརྒྱ་ལྷག་ཙམ་དེའི་ནང་ཁོང་ཚོའི་ཁྱིམ་ཚང་ནས་ཉུང་ཐར་མི་གྲངས་གཅིག་གླ་ཆ་གང་ཡང་མེད་པར་འབར་མ་དྲག་པོའི་གཞུང་གི་བཙན་གནོན་འོག་ལས་ཀ་བྱེད་དགོས་ཀྱི་ཡོད་པ་བརྗོད་ཡོད་འདུག   གོང་ཞུས་སྙན་ཐོ་དེ་འདོན་སྤེལ་གནང་བའི་རྗེས་  ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཡི་ཤུའི་ཆོས་དཔོན་ཌེ་སི་མེན་ཀྲུ་ཀྲུ་མཆོག་དང་ དེ་བཞིན་རྒྱལ་སྤྱིའི་ཉེས་ཅན་ཁྲིམས་ཁང་གི་ཁྲིམས་དཔོན་ཟུར་པ་རི་ཆ་དྲི་གོལ་ཌི་སི་ཀྲོན་སོགས་ཀྱིས་གོང་ཞུས་སྙན་ཐོའི་དེའི་ནང་གི་གནད་དོན ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དྲང་དེན་གྱིས་འབར་མའི་ནང་འགྲོ་བ་མིའི་ཐོབ་ཐང་ཐོག་བཙན་གནོན་བྱེད་བཞིན་པའི་གནས་སྟངས་ལ་ཞིབ་འཇུག་གནང་རྒྱུའི་འབོད་སྐུལ་ཞུས་གནང་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org