སྲོལ་རྒྱུན་གྱི་སྨན་བཟོའི་ལྷན་ཚོགས་ཤིག་གནང་བཞིན་ཡོད་པ།

རྒྱ་ནག་ནང་སྲོལ་རྒྱུན་གྱི་སྨན་བཟོ་བྱེད་ཕྱོགས་སྐོར་རྒྱལ་སྤྱིའི་འཕྲོད་བསྟེན་སྐུ་ཚབ་རྣམས་ཀྱི་ལྷན་ཚོགས་ཤིག་སྐོངས་འཚོགས་གནང་ཡོད་པ་རེད།

2008.11.07

༄༅༎དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་ཁབ་བདུན་བཅུ་ལྷག་ཙམ་གྱི་འཕྲོད་བསྟེན་སྐུ་ཚབ་འདུ་འཛོམས་ཀྱིས་སྲོལ་རྒྱུན་གྱི་སྨན་བཟོ་བྱེད་ཕྱོགས་སྐོར་ལྷན་ཚོགས་ཤིག་སྐོངས་འཚོགས་གནང་ཡོད་པ་རེད།

འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་གོ་སྒྲིག་གནང་བའི་ཉིན་གཉིས་རིང་གི་ལྷན་ཚོགས་དེའི་ཐོག་ཚད་ལྡན་གྱི་ཐོག་ནས་སྲོལ་རྒྱུན་གྱི་སྨན་བཟོ་འདྲ་མིན་བྱེད་རྒྱུ་ནི་འཛམ་གླིང་ཡུལ་གྲུ་ལྷོ་ཨ་ཕེ་རི་ཀ་ནས་ཉི་ཧོང་བར་རིམ་བཞིན་འཕྲོད་བསྟེན་གྱི་ཆེད་དུ་སྲོལ་རྒྱུན་གྱི་སྨན་དར་འཕེལ་གནང་རྒྱུའི་ཆེད་དུ་ཡིན་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཁང་གིས་ལྷན་ཚོགས་དེའི་ཐོག་གསལ་སྟོན་གནང་བར་གཞིགས་ན་སྲོལ་རྒྱུན་གྱི་སྨན་དང་ནུབ་ཕྱོགས་ཀྱི་སྨན་གཉིས་མཉམ་བསྲེས་ཀྱི་ཐོག་ནས་བཟོ་སྐྲུན་བྱས་པ་ཡིན་ན་དེས་ཕན་ཐོགས་ཆེ་བ་ཡོད་ལུགས་གསུངས་འདུག དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་འགན་འཛིན་ཁཱ་རི་ས་ཨེ་ཀྲིཡེན་ཡིས་ལྷན་ཚོགས་དེའི་སར་གསུངས་དོན་ལྟར་ན་སྲོལ་རྒྱུན་གྱི་གསོལ་སྨན་རྒྱལ་སྤྱིའི་འཕྲོད་བསྟེན་གྱི་སྒྲིག་གཞིའི་ནང་ཟུང་འབྲེལ་བྱས་པ་ཡིན་ན་དེས་ནད་པར་ཕན་ཡོད་ཐུབ་པ་ཡོང་གི་རེད་ཅེས་དང་ཡིན་ནའི་དེ་བརྟན་པོའི་ངང་ནས་བེད་སྤྱོད་བྱེད་དགོས་ཀྱི་རེད་ཅེས་གསུངས་བཞག དེ་བཞིན་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་མའར་ག་རེཏ་ཁྲེན་ཡིས་སྲོལ་རྒྱུན་གྱི་སྨན་གྱི་ཐོག་ཉམས་ཞིབ་བྱས་ཏེ་དེའི་ནང་ནས་ཚད་ལྡན་གྱི་སྨན་བཅོས་བྱེད་ཕྱོགས་ལ་སོགས་པའི་ཡར་ཐོན་ཅན་གྱི་བསམ་བློ་གསར་པ་བྱུང་བ་རྣམས་ཉམས་ལེན་བྱེད་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎