སུད་སིའི་ནང་མི་མང་ལ་བཀའ་ཆོས།
༸གོང་ས་མཆོག་ནས་སུད་སིའི་གྲོང་ཁྱེར་ཕ་རའི་བུག་ཏུ་དད་ལྡན་ཆོས་ཞུ་བ་༨༠༠༠ལྷག་ཙམ་ལ་བཀའ་ཆོས་བསྩལ་གནང་མཛད་ཡོད་པ།
-
2013-04-13 -
-
-
༸གོང་ས་མཆོག་སུད་སིའི་གྲོང་ཁྱེར་ཕ་རའི་བུག་ཏུ་ཞབས་སོར་འཁོད་གནང་སྐབས་གསར་འགོད་པར་བཀའ་མོལ་གནང་བཞིན་པ།
༸གོང་ས་མཆོག་གི་དྲ་གནས།
༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བཞི་པའི་ཚེས་༡༢ཉིན་སུད་སིའི་ནང་ཞབས་སོར་འཁོད་གནང་མཛད་ཡོད་པ་དང༌། དེ་རིང་ཕྱི་ཟླ་བཞི་པའི་ཚེས་༡༣ཉིན་༧གོང་ས་མཆོག་ནས་སུད་སི་གྲོང་ཁྱེར་ཕ་རའི་བུག་Fribourg ནང་ཆིབས་བསྒྱུར་བསྐྱངས་ནས་འཛམ་གླིང་ཡུལ་གྲུ་དྲ་མིན་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་༨༠༠༠ལྷག་ཙམ་ལ་སེམས་ནང་དཀའ་ངལ་འཕྲད་པའི་སྐབས་གདོང་ལེན་བྱེད་ཕྱོགས་དང་། དེ་བཞིན་སེམས་ལ་བདེ་སྐྱིད་ཡོང་རྒྱུར་བློ་སྦྱང་རྒྱུ་དེ་ཧ་ཅང་གལ་ཆེ་ཡིན་པའི་སྐོར་ལ་བཀའ་སློབ་བསྩལ་གནང་མཛད་ཡོད་འདུག ༧གོང་ས་མཆོག་སུད་སི་ནང་ཆིབས་བསྒྱུར་བསྐྱངས་རིང་སུད་སིའི་གྲོས་ཚོགས་ཀྱི་ཚོགས་པ་འདྲ་མིན་གྱི་འཐུས་མི་རྣམས་དང་མཇལ་འཕྲད་གནང་འཆར་ཡོད་ཀྱང་། སུད་སི་དབུས་གཞུང་གི་དཔོན་རིགས་མཐོ་གྲས་དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་གང་ཡང་མེད་པ་རེད༎