༸གོང་ས་མཆོག་ནས་མི་ཌལ་སྦ་རི་མཐོ་སློབ་ཏུ་བཀའ་སློབ།
2012.10.13
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་མངའ་སྡེ་ཝར་མོན་ཊི་ནང་མཛད་རིམ་མུ་མཐུད་བསྐྱངས་གནང་མཛད་བཞིན་འདུག
༸གོང་ས་མཆོག་གི་ཝི་ཇན་ནི་ཡ་ནང་གི་ཉིན་གཉིས་ཀྱི་མཛད་རིམ་ཁག་ལེགས་པར་གྲུབ་སྟེ། སྤྱི་ཟླ་༡༠ ཚེས་༡༢་ཉིན་ཨ་རིའི་མངའ་སྡེ་ལྦར་མོན་ཊ་ནང་གི་མི་ཌལ་སྦ་རི་ མཐོ་རིམ་སློབ་གྲྭའི་དགེ་སློབ་དང་མི་དམངས་༣༠༠༠ ལྷག་ལ་རང་རང་སོ་སོའི་མི་ཚེའི་ནང་ཕྱི་དངོས་པོའི་ཡར་རྒྱས་དང་ནང་སེམས་ཀྱི་རིན་ཐང་ཟུང་འབྲེལ་བྱེད་དགོས་སྐོར་བཀའ་གནང་བ་དང༌། ད་དུང་སྐབས་རེ་ཆོས་ལུགས་ཀྱི་མིང་ཐོག་ནས་འཁོན་འཁྲུག་ཡོང་གི་ཡོད་སྟབས། རྟག་ཏུ་ཆོས་པ་ཚོས་ཆོས་ལུགས་གཞན་ལ་གུ་ཡངས་ཀྱི་བསམ་བློའི་ཐོག་ནས་གུས་བརྩི་དགོས་གལ་ཆེན་པོ་ཡིན་ལུགས་བཀའ་གནང་འདུག།
༸གོང་ས་མཆོག་ནས་མི་ཌལ་སྦ་རི་མཐོ་སློབ་ཏུ་བླང་དོར་གྱི་བཀའ་སློབ་སྩོལ་བཞིན་པ།
སྤྱི་ཚེས་༡༣་ཉིན་སླར་ཡང་གཙུག་ལག་སློབ་གྲྭ་དེ་ཉིད་ནང༌། འཛམ་གླིང་ནང་བཟང་སྤྱོད་ཀྱི་རིན་ཐང་འཚོལ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་བ་དང༌། དེ་རྗེས་ས་གནས་དེའི་ནང་ཡོད་པའི་བོད་པ་ཚོར་མཇལ་ཁ་བཀའ་སློབ་བསྩལ་ཡོད་པ་རེད།
དེ་ནས་ཕྱི་ཚེས་༡༤ ཉིན་ཨ་རིའི་མངའ་སྡེ་ མེ་ས་ཅུའུ་སེས་ནང་ཆིབས་བསྒྱུར་མཛད་རིམ་ཁག་མུ་མཐུད་བསྐྱང་གནང་རྒྱུ་རེད་འདུག།