༸གོང་ས་མཆོག་གིས་་ཁ་ཆེའི་སློབ་གྲྭར་གཟིགས་ཞིབ་གནང་བ།

༸གོང་ས་མཆོག་གིས་རྒྱ་གར་བྱང་ཕྱོཌ་འཇའ་མུ་ཀ་ཤ་མིར་མངའ་སྡེའི་གྲོང་ཁྱེར་ཤི་རི་ན་གྷར་དུ་བོད་པའི་ཁ་ཆེའི་སློབ་གྲྭར་གཟིགས་ཞིབ་གནང་བ།

༄༅༎༸གོང་ས་མཆོག་གིས་ང་ཚོ་དཀའ་ལས་མཉམ་དུ་བརྒྱབ་ན་བོད་ལ་གཟི་བརྗིད་ལྡན་པའི་ངང་ལོག་ཆོག་པའི་སྐལ་བཟང་དུས་བདེ་ཞིག་ཡོང་གི་རེད་ཅེས་གསུངས་འདུག
བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་བྱང་ཕྱོགས་འཇའ་མུ་ཀ་ཤ་མིར་མངའ་སྡེའི་གྲོང་ཁྱེར་ཤི་རི་ན་གྷར་དུ་བོད་པའི་ཁ་ཆེའི་སློབ་གྲྭར་གཟིགས་ཞིབ་གནང་བ་དང་། གོང་ས་མཆོག་གིས། ཀ་ཤི་མིར་ནང་གི་བཀའ་རྙོག་ལ་དམིགས་ནས། ནང་ཁུལ་རྙོག་ཁྲའི་རིགས་བྱུང་བ་ཡིན་ན། དེ་དག་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་ཐབས་བྱ་རྒྱུ་ནི་གལ་འགངས་ཆེན་པོ་རེད་ཅེས་གསུངས་འདུག
ལྷན་བཅར་གནང་ཡོད་པའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཨོ་མར་ ཨབ་དུ་ལ་ནས་ཀྱང་། བོད་པའི་ཁ་ཆེའི་སློབ་གྲྭ་འདིའི་ནང་། ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་ཡག་པོ་ཡོད་པར་བསྔགས་བརྗོད་གནང་བ་དང༌། གཞུང་གི་ངོས་ནས་སློབ་གྲྭར་མཐུན་འགྱུར་གང་དགོས་ཀྱང་གནང་རྒྱུ་ཡིན་པ་མ་ཟད། ད་ལྟའི་ཛ་དྲག་གི་དཀའ་ངལ་སློབ་ཕྲུག་འོར་འདྲེན་བྱེད་ས་སྤྱི་སྤྱོད་རླངས་འཁོར་རམ་བྷ་སེ་གསར་པ་ཞིག་ཀྱང་གནང་རྒྱུ་ཡིན་ལུགས་གསུངས་ཡོད་འདུག
ཁ་ཆེ་མི་མང་ལ་བཀའ་སློབ་གནང་བའི་སྐབས་ང་ཚོ་དཀའ་ལས་མཉམ་དུ་བརྒྱབ་ནས་དཀའ་ལས་བརྒྱབ་པའི་འབྲས་བུར། བོད་ལ་དུས་བདེ་སྐལ་ཡོང་སྐབས་ང་ཚོ་ཚང་མ་་གཟི་བརྗིད་ལྡན་པའི་ངང་ལོག་ཆོག་གི་རེད་ཅེས་གསུངས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org