འབྲས་ལྗོངས་སུ་ཞབས་སོར་འཁོད།

༸གོང་ས་མཆོག་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་ས་གནས་ར་ལྦང་ལའི་ནང་ཞབས་སོར་བདེ་བར་འཁོད་གནང་ཡོད་པ།

༸གོང་ས་མཆོག་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་ས་གནས་ར་ལྦང་ལའི་ནང་ཞབས་སོར་བདེ་བར་འཁོད་གནང་ཡོད་པ། ༸གོང་ས་མཆོག་གི་དྲ་གནས།

༄༅།།སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་ ༢༤ཉིན་གྱི་སྔ་དྲོར་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་ས་གནས་ར་ལྦང་ལའི་ནང་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག  དེ་ཡང་ས་གནས་ནས་འདི་གའི་གསར་འགོད་པས་གནས་ཚུལ་བཏང་འབྱོར་བྱུང་བར་གཞིགས་ན། ༧གོང་ས་མཆོག་གི་རྒྱ་གར་གྱི་རྒྱལ་ས་ལྡིའི་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་པའི་མཚམས། འབྲས་ལྗོངས་མངའ་སྡེ་གཞུང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་འདི་ཚེས་ ༢༤ ཉིན་མགོན་པོ་གང་ཉིད་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ སྦག་ཌོ་རའི་གནམ་ཐང་དུ་༧ཞབས་སོར་འཁོད་སྐབས། འབྲས་ལྗོངས་གཞུང་གི་དགོན་སྡེ་ལྷན་ཁང་གི་དྲུང་ཆེ་དང༌། ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་དྲུང་ཆེ། དེ་བཞིན་ཁུལ་དེར་ཡོད་པའི་ཀ་ལོན་་པུ་དང༌། རྡོ་རྗེ་གླིང་། སྒང་ཏོག་བཅས་ཀྱི་མང་ཚོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག་ཅིང༌། དེ་རྗེས་མགོན་པོ་གང་ཉིད་འབྲས་ལྗོངས་མངའ་སྡེ་གཞུང་གིས་གོ་སྒྲིག་ཞུས་པའི་ཐད་འཕུར་གནམ་གྲུ་བརྒྱུད་ ར་ལྦང་ལའི་ས་གནས་སུ་༧ཞབས་སོར་འཁོད་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ པ་ལྦན་ ཀུ་མར་ ཅམ་ལིང་དང༌། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ། མངའ་སྡེའི་བློན་ཆེན་ཁག་ཅིག་དང་དགེ་རྩེ་རིན་པོ་ཆེ།  དེ་བཞིན་རིས་མེད་དགོན་སྡེ་ཁག་གི་དགེ་འདུན་པ་རྣམ་པས་གཙོས་མི་དམངས་དང་སློབ་ཕྲུག་སོགས་ཀྱིས་ལག་ཏུ་བཀྲ་ཤིས་པའི་མཆོད་རྫས་སྣ་ཚོགས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་འདུག་པ་དང༌། དེ་ནས་འདི་ཚེས་ ༢༥ འི་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ས་གནས་ ར་སྦང་ལའི་ནང་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་ཆེན་པོ་ཞིག་གསར་བཞེངས་ཞུས་ཡོད་པ་དེར་༧པཎ་ཆེན་རྡོ་རྗེ་གཞོན་ནུའི་ཆོ་གའི་སྒོ་ནས་རབ་གནས་བསྩལ་གནང་མཛད་པ་དང༌། དེ་རྗེས་དད་ལྡན་མང་ཚོཌ་ལ་རྒྱལ་སྲས་ཆེན་པོ་ཐོག་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་དབུ་འཛུགས་མཛད་གནང་ཡོད་འདུག།





2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org