ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་༥༠འཁོར་བ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཝཱ་ར་ཎ་སི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་གནང་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱང་གནང་མཛད་པ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཝཱ་ར་ཎ་སི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་གནང་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱང་གནང་མཛད་པ། ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང༌།

༄༅༎༢༠༡༨ ལོའི་ཕྱི་ཟླ་ ༡ པོའི་ཚེས་ ༡ རེས་གཟའ་ཟླ་བའི་སྔ་དྲོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཝཱ་ར་ཎ་སི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་གནང་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱང་གནང་མཛད་པ་དང་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས་མཛད་ཡོད་པ་རེད་།
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག  དགའ་ལྡན་ཁྲི་རིན་པོ་ཆེ་མཆོག བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་ཟུར་པ་སྐུ་ཞབས་བྷི་པི་སིངྒ་མཆོག ཁྲ་འགུ་རིན་པོ་ཆེ་མཆོག་དབུས་པའི་མི་མང་སྟོང་ཕྲག་བརྒལ་བ་ཕེབས་ཡོད་པ་དང་།༧གོང་ས་མཆོག་གིས་མཛད་སྒོའི་ཐོག་གཙུག་ལག་སློབ་ཁང་གི་དཔེ་སྐྲུན་ཚན་པས་པར་སྐྲུན་ཞུས་པའི་དཔེ་དེབ་ཁག་གཅིག་དབུ་འབྱེད་མཛད་པའི་རྗེས་ཝ་ན་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དེའི་སློབ་མ་རྙིང་པ་ཐོུང་གིས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་ལམ་ཞུས་ཡོད་ཅིང་། དེ་རྗེས་༧གོང་ས་མཆོག་གིས་བཀའ་སློབ་སྩལ་བའི་ནང་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་འདི་འདྲ་ཞིག་བཙུགས་ཐུབ་པ་དང་དེའི་གྲུབ་འབྲས་ནི་ལོ་མང་པོ་མི་རབས་སྔ་མ་དང་ད་ལྟ་བ་ཚོས་འབད་བརྩོན་དང་སྙིང་སྟོབས་འབྲས་བུ་ཡིན་པར་བསྔར་བརྗོད་མཛད་ཡོད་པ་དང་། ལྷག་དོན་༢༠༡༨ ཟླ་ ༡ ཚེས་ ༡ ལོ་གསར་པ་འཁེལ་བ་དང་དུས་ཚོད་དེ་ལྟར་རྟག་ཏུ་འགྱུར་བཞིན་པ་ལྟར་དངོས་ཡོད་གནས་སྟངས་དེའང་འགྱུར་བཞིན་ཡོད་པར་བརྟེན་ནས་། དུས་ཚོད་གསར་པ་ཡོང་བཞིན་དུ་བསམ་བློ་གསར་པ་དང་ཐབས་ཤེས་གསར་པ་བཏོན་ནས་གྲུབ་འབྲས་མངོན་ཐོན་ཡོང་བ་ཞིག་འབད་བརྩོན་བྱ་དགོས་ལ་བྱ་བ་གྲུབ་པར་ལྷག་བསམ་དང་གཞན་ཕན་གྱི་བསམ་པ་ལྡན་པ་དེ་བས་གལ་ཆེ་བ་ཡིན་ཞིང་། ང་རང་ཚོ་ཚང་མ་དེ་ལྟར་ཉིན་མ་དང་ཟླ་བ་ལོ་བྱས་ནས་མི་ཚེ་བསྐྱལ་དགོས་པར་བརྟེན་ནས་མ་འོངས་པའི༢༠༡༩ ལོ་གསར་པ་བསླེབས་པའི་སྐབས་དེར་འདས་པའི་༢༠༡༨ ལོ་དེའི་ནང་སོ་སོའི་ངོས་ནས་མི་ཚེ་དོན་དང་ལྡན་པའི་བྱ་བ་བྱས་ཡོད་པའི་དྲན་གསོ་བྱ་རྒྱུ་ཡོད་པ་ཞིག་བྱུང་བ་ཡིན་ཚེ་དངོས་གནས་སེམས་ལ་བདེ་སྐྱིད་ཡོང་རྒྱུ་ཡིན་པ་དང་། དེ་ལས་ལྡོགས་ཏེ་ལོ་དེ་ཕན་མེད་འཕྲོ་བརླག་གི་དབང་དུ་སོང་བའམ་ཡང་ན་ལོ་དེར་རྙོག་གྲ་ཁོ་ན་བཟོས་ནས་འདས་པ་ཡིན་ཚེ་ཧ་ཅང་ཐབས་སྐྱོ་པོ་རེད། དེར་བརྟེན་ང་ཚོས་ལོ་གསར་པ་འདིར་དངོས་ཡོད་ཀྱི་མི་ཚེ་དོན་དང་ལྡན་པ་ཞིག་བྱ་རྒྱུའི་ཀུན་སློང་བཟུང་ནས་ལོ་རྗེས་མ་བསླེབས་སྐབས་བློ་བདེ་པོ་བྱ་རྒྱུ་ཡོང་བ་ཞིག་ད་ལྟ་ནས་འབད་བརྩོན་བྱ་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་བཀའ་སློབ་སྩལ་ཡོད་པ་རེད༎
གསར་འགོད་པ་གཡུ་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org