༸གོང་ས་མཆོག་གི་ཨ་རིའི་ནིའུ་ཡོག་ནང་གི་མཛད་འཕྲིན།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་ཨ་རིའི་ནིའུ་ཡོག་མངའ་སྡེའི་གྲོས་ཚོགས་གོང་མའི་ལྷན་ཚོགས་དབུ་འབྱེད་གནང་ཡོད་པ་རེད།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་ཨ་རིའི་ནིའུ་ཡོག་མངའ་སྡེའི་གྲོས་ཚོགས་གོང་མའི་ལྷན་ཚོགས་དབུ་འབྱེད་གནང་ཐོག་དེང་སང་དཔལ་འབྱོར་ཉམས་ཉེས་ཆེ་བའི་ཉག་ཕྲའི་དུས་ཚོད་སྐབས་བྱམས་དང་སྙིང་རྗེ་རྩ་དོན་གལ་འགངས་ཆེ་བའི་ནན་སྐུལ་གསུང་བཤད་གནང་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་མཛད་འཕྲིན་ལེགས་པར་གྲུབ་རྗེས་ནིའུ་ཡོག་མངའ་སྡེའི་རྒྱལ་ས་ཨེལ་སྦ་ནི་ནང་རྟེན་གཞི་བྱས་པའི་འཛམ་གླིང་བཟང་སྤྱོད་དགེ་རྩ་ཞེས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༸གོང་ས་མཆོག་ནིའུ་ཡོག་མངའ་སྡེའི་རྒྱལ་སར་ཞབས་གསོར་འཁོད་ཡོད་པ་རེད། ཁ་ས་རེས་གཟའ་ལྷག་པའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནིའུ་ཡོག་མངའ་སྡེ་ས་གནས་གྲོས་ཚོགས་ནང་ཆིབས་བསྒྱུར་བསྐྱངས་གནང་མཛད་སྟེ་གྲོས་ཚོགས་གོང་མའི་ཚོགས་ཐེངས་ཞིག་དབུ་འབྱེད་གནང་ཡོད་འདུག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀའི་རྩ་ཆེར་འཛིན་པའི་རིན་ཐང་ལ་༸གོང་ས་མཆོག་གིས་བརྩི་བཀུར་ཆེ་བཞེས་གནང་གི་ཡོད་སྐོར་གསུངས་པ་དང་ཆབས་ཅིག་ལས་དོན་ཇི་འདྲ་ཞིག་ཡིན་རུང་དྲང་བདེན་དང་ཕྱི་གསལ་ནང་གསལ་དགོས་པ་གལ་འགངས་ཤིན་ཏུ་ཆེ་བའི་སྐོར་ནན་བརྗོད་གནང་ཡོད་པ་རེད། ལྷག་དོན་དུ་༸གོང་ས་མཆོག་གིས་འཇིགས་སྐུལ་དྲག་སྤྱོད་ཀྱི་དཀའ་རྙོག་ཐོག་ཐེ་བས་འགྲོ་བ་མིའི་དཀའ་ངལ་མང་པོ་ཞིག་བྱམས་དང་སྙིང་རྗེའི་ལམ་ནས་སེལ་རྒྱུའི་ཐབས་ལམ་བཟང་ཤོས་ཤིག་ཡིན་པའི་སྐོར་ནན་བརྗོད་གནང་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org