༧གོང་ས་མཆོག་ནས་ཆོས་དང་ཚན་རིག་འཛམ་གླིང་ཞི་བདེ་ཞེས་པའི་རྒྱལ་སྤྱིའི་ལྷན་ཚོགས་ཐོག་བཀའ་སློབ་བསྩལ་གནང་མཛད་ཡོད་པ།

༧གོང་ས་མཆོག་ནས་བཞུགས་སྒར་རྡ་རམ་སར་སྐོང་ཚོགས་གནང་བའི་ཆོས་དང་ཚན་རིག འཛམ་གླིང་ཞི་བདེ་ཞེས་པའི་རྒྱལ་སྤྱིའི་ལྷན་ཚོགས་ཐོག་བཀའ་སློབ་བསྩལ་བ།

༧གོང་ས་མཆོག་ནས་བཞུགས་སྒར་རྡ་རམ་སར་སྐོང་ཚོགས་གནང་བའི་ཆོས་དང་ཚན་རིག འཛམ་གླིང་ཞི་བདེ་ཞེས་པའི་རྒྱལ་སྤྱིའི་ལྷན་ཚོགས་ཐོག་བཀའ་སློབ་བསྩལ་བ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅། །དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་དེ་རིང་ཕྱི་ཚེས་ 4 ཉིན་གནས་ཚུལ་སྤེལ་བ་ལྟར་ན་།    ཧར་ཡ་ན་མངའ་སྡེའི་ནང་རྟེན་གཞི་བྱས་པའི་རྒྱ་གར་ཧིན་དུའི་རིག་བྱེད་མཐའ་པའི་ལྟ་གྲུབ་རྗེས་འཛིན་པའི་བསྟི་གནས་ཁང་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། ཆོས་དང་ཚན་རིག འཛམ་གླིང་ཞི་བདེ་ཞེས་པའི་རྒྱལ་སྤྱིའི་ལྷན་ཚོགས་ཤིག་བཞུགས་སྒར་རྡ་རམ་ས་ལའི་གཞུང་གི་མཐོ་སློབ་ཁང་དུ་ཚོགས་གནང་ཡོད་པ་དང་།  ལྷན་ཚོགས་དེའི་སྐུ་མགྲོན་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྷན་ཚོགས་ཐོག་བཀའ་སློབ་བསྩལ་བའི་ནང་།     དུས་རབས་ ༢༠ དེ་བཞིན་འཚེ་བའི་དུས་རབས་ཤིག་ཆགས་ཡོད་པ་དང་། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ། གཞན་ཡང་ཉིན་ལྟར་རླུང་འཕྲིན་དང་གསར་ཤོག་སོགས་ནང་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་ཤ་སྟག་ཡོང་བཞིན་ཡོད་པར་བརྟེན། དེ་སྔ་དུས་རབས་ ༢༠ ནང་དཀའ་རྙོག་ཡོད་ཚད་དྲག་པོའི་སྟོབས་ཤུགས་ཀྱི་ལམ་ནས་སེལ་ཐུབ་རྒྱུ་ཡིན་པའི་རྨོངས་འཆར་འདི་དུས་རབས་ ༢༡ ནང་མུ་མཐུད་གནས་ཡོད།
ཚན་རིག་པ་ཚོས་བརྟག་དཔྱད་ཀྱི་ལམ་ནས་ཞི་རྩའི་མིའི་རང་བཞིན་ལྷན་སྐྱེས་འཚེ་མེད་ཞི་བ་ཡིན་པ་ར་སྤྲོད་ཐུབ་ཡོད། ང་ཚོ་ཐོག་མར་མའི་མངལ་ནང་ཡོད་པའི་སྐབས་སུའང་མ་དེ་ཁོང་ཁྲོ་ལང་པ་ཡིན་ན་མངལ་ནང་ཡོད་པའི་ཕྲུ་གུ་དེར་ཧ་ཅང་གནོད་ཀྱི་ཡོད་པ་གསལ་པོ་ཤོད་ཀྱི་འདུག  དེ་ནས་ཕྲུ་གུ་བཙས་རྗེས་ མའི་བྱམས་བརྩེའི་འཚོ་བས་བསྐྱངས་ནས་ཡོང་དུས་ བྱམས་བརྩེའི་འཚོར་བ་ང་ཚོར་ཆུང་དུས་ནས་མྱངས་ཡོད་པར་བརྟེན། འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མ་དེ་ལྟར་བྱས་ནས་ཡོང་བ་རེད་ཅེས་དང་།  དེ་བཞིན་༧གོང་ས་མཆོག་ནས་།     ཡོ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ལ་བསྔགས་བརྗོད་གནང་བ་དང་སྦྲགས།  རྒྱ་གར་དང་། རྒྱ་ནག  ཉི་ཧོང་སོགས་ཨེ་ཤི་ཡའི་རྒྱལ་ཁབ་ཆེ་ཁག་རྣམས་སྤྱི་མཐུན་ཚོགས་པ་བཟོ་ཐབས་བྱེད་དགོས་པ་དང་། དེ་བཞིན་ཨ་ཕི་རི་ཀ་དང་། ལེ་ཊིན་ཨ་ཕི་རི་ཀ་སོགས་སུའང་སྤྱི་མཐུན་ཚོགས་པ་བཟོ་ཐུབ་ཚེ་ཆབ་སྲིད་ཀྱི་ས་མཚམས་མེད་པར་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ལ་བརྟེན་ནས་ཕན་ཚུན་འཆམ་མཐུན་ངང་གནས་རྒྱུ་མ་ཟད།   རིམ་བཞིན་རྡུལ་ཕྲན་མཚོན་ཆས་ཚུད་པའི་གོ་མཚོན་རྣམས་རྩ་མེད་དུ་གཏོང་ཐབས་བྱེད་དགོས་ཞེས་བཀའ་སློབ་བསྩལ་གནང་མཛད་འདུག།།

གསར་འགོད་པ་འཆི་མེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org