༧གོང་ས་མཆོག་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་གནང་བ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་དུ་གལ་ཆེའི་མཛད་འཆར་ཁག་གི་ཆེད་དུ་བཞུགས་སྒར་ནས་ཆིབས་ཐོན་མཛད་གནང་ཡོད་པ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ལ་གསུང་ཆོས་སྩོལ་སྐབས། ༧དཔལ་ལྡན་སྐུ་སྒེར་དྲ་གནས།

༄༅། །དེ་རིང་ཕྱི་ཚེས་༡༢ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་དུ་གལ་ཆེའི་མཛད་འཆར་ཁག་གི་ཆེད་དུ་བཞུགས་སྒར་ནས་ཆིབས་ཐོན་མཛད་གནང་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎

གསར་འགོད་པ་བསྟན་འཛིན་དབང་རྒྱལ།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབྱིན་ཡུལ་གྱི་ཆིབས་བསྒྱུར་གྲུབ་རྗེས་ཕྱི་ཟླ་བཅུ་པའི་ནང་ཨ་མི་རི་ཀའི་ཤར་ནུབ་ཀྱི་ས་གནས་འགའ་ཤས་ཀྱི་ནང་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་པ་དང་། ཨ་རིའི་ཤར་ཕྱོགས་མ་སེ་ཆུ་སེཌསི་མངའ་སྡེའི་གྲོང་ཁྱེར་ Amherst ནང་ཆིབས་བསྒྱུར་མཛད་འཆར་ཁག་གི་ལག་འཁྱེར་ཊི་ཀ་སི་གཟའ་ལྷག་པ་ནས་ཚོང་བསྒྱུར་འགོ་འཛུགས་བྱ་རྒྱུ་ཡིན་པ་ཆིབས་བསྒྱུར་གོ་སྒྲིག་པ་ཚོས་གསལ་བསྒྲགས་བྱས་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ས་གནས་དེར་ཆིབས་བསྒྱུར་ཞབས་སོར་འགོད་སྐབས་མཛད་འཆར་མང་དག་ཅིག་ཡོད་ཅིང་། མཛད་འཆར་ཆེ་ཤོས་ནི་ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་གྲོང་ཁྱེར་དེའི་ནང་ཡོད་པའི་ Mullin Center ཞེས་པའི་ཚོགས་ཁང་ཆེན་མོ་དེའི་ནང་བཟང་པོའི་ནུས་སྟོབས་ཞེས་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་རྒྱུ་དེ་ཡིན་འདུག།  སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ངོ་སྤྲོད་ཞུ་མཁན་མ་སེ་ཆུ་སེཊསི་མཐོ་རིམ་སློབ་གྲྭའི་ངེས་སྟོན་པ་ Kumble Subbaswamy གནང་རྒྱུ་ཡིན་འདུག་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་གསུང་བཤད་གྲུབ་རྗེས་ཚོར་མྱོང་དང་ཤེས་རབས། Emotional Intelligence ཞེས་པའི་ཕྱག་དེབ་བྲིས་མཁན་ ཌེ་ནིཡལ་གོལཌ་མེན་གྱིས་གཙོ་སྐྱོང་ཞུས་པའི་གོང་གི་བརྗོད་གཞིའི་ཐད་བགྲོ་གླེང་མཛད་རྒྱུ་ཡིན་འདུག།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨེམ་ཧེརསིཊ་ས་གནས་དེའི་ནང་ཉིན་གྲངས་གསུམ་རིང་གི་ཆིབས་བསྒྱུར་མཛད་འཆར་གྱི་ཁོངས་སུ་ ཉེ་འཁྲིས་ North Hamton ནང་ཡོད་པའི་ Smith མཐོ་རིམ་སློབ་གྲྭ་དང་། ཨེན་ཧེརསཊི་མཐོ་རིམ་སློབ་གྲྭ། མེ་སི་ཅུ་སེཊསི་མཐོ་རིམ་སློབ་གྲྭ་བཅས་ཀྱི་ནང་ཆོས་ལུགས་དང་མ་འབྲེལ་བའི་བླང་དོར་ཤེས་ཡོན་གི་སྐོར་དང་། ཤེས་ཡོན་དེ་དང་བྱམས་བརྩེ་ཟུང་དུ་སྦྲེལ་ཏེ་སྤྱི་ཚོགས་ལ་ཕན་བདེ་གྲུབ་ཕྱོགས་སོགས་ཀྱི་གནད་དོན་ཐད་བགྲོ་གླེང་དང་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org