འཛམ་གླིང་བཙོན་ཁང་ཁག་ཏུ་ཨེཛ་ནད་གཞི་འཕེལ་བཞིན།

ཨེཛ་ནད་གཞི་ཡོད་པའི་བཙོན་པ་དེ་དག་མ་འོངས་པར་སྤྱི་ཚོགས་ཐོག་གློད་འགྲོལ་ཐོབ་པའི་སྐབས་སྤྱི་ཚོགས་ནང་ཨེཛ་འགོས་ནད་ཁྱབ་སྤེལ་འགྲོ་ཉེན།

༄༅༎རེས་གཟའ་ཕུར་བུའི་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐ་མག་ཉལ་ཐག་གི་དུག་རྫས་རིགས་དང་ཉེས་ཅན་པ་རྟོགས་ཞིབ་ལས་ཁང་གི་འགན་འཛིན་གྱིས་འཛམ་གླིང་ནང་གི་བཙོན་ཁང་ཁག་ཏུ་བཙོན་པ་ཕན་ཚུན་ཐ་མག་ཉལ་ཐག་གི་དུག་རྫས་ཀྱི་སྨན་ཁབ་རྒྱབ་རེས་བྱས་ཏེ་ཨེཛ་འམ་ཨེཇ་ཨའེ་ལྦི་འགོས་ནད་ཁྱབ་འཕེལ་ཕྱིན་པ་དང་བཙོན་པ་དེ་དག་མ་འོངས་པར་སྤྱི་ཚོགས་ཐོག་གློད་འགྲོལ་ཐོབ་པའི་སྐབས་སྤྱི་ཚོགས་ནང་ཨེཛ་འགོས་ནད་ཁྱབ་སྤེལ་འགྲོ་རྒྱུ་ཉེན་ཁ་བཟོ་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉལ་ཐག་དུག་རྫས་ཀྱི་རྟོགས་ཞིབ་གནང་མཁན་གྱི་འགན་འཛིན་ཁོ་སི་ཊ་ཡིས་གསུངས་ན་འཛམ་གླིང་ནང་དུ་དོ་དམ་བཀག་ཉར་འོག་གནས་བཞིན་པའི་མི་འབོར་ས་ཡ་སུམ་ཅུ་ཙམ་ཡོད་པ་དང་བཙོན་ཁང་ནང་དུ་ཐ་མག་ཉལ་ཐག་བརྒྱུད་ཨེཛ་ནད་འབུ་ཨེཇ་ཨའེ་ལྦི་ཁྱབ་འཕེལ་ཕྱིན་པ་ཡིན་ཚེ་དེ་ནི་ཚབས་ཆེའི་དཀའ་ངལ་ཆེན་པོ་ཞིག་ཆགས་རྒྱུ་ཡིན་པ་དང་གལ་ཏེ་བཙོན་པ་ཨེཇ་ཨའེ་ལྦི་ནད་འབུ་འགོས་ཟིན་པ་མང་པོ་ཞིག་སྤྱི་ཚོགས་ཐོག་གློད་འགྲོལ་ཐོབ་པའི་རྗེས་འགོས་ནད་དེ་ཡིས་མི་དམངས་བདེ་ཐང་ལ་གནོད་འཚེ་བཟོ་མཁན་གྱི་ས་འོག་གི་འབར་རྫས་ལྟ་བུའི་ནུས་པ་ཡོད་པ་དང་ལྷག་པར་དུ་བཙོན་ཁང་ནང་གི་བཙོན་པར་ཨེཇ་ཨའེ་ལྦི་འགོས་ནད་ཀྱི་ནད་འབུ་ཡོད་པའི་རྒྱལ་ཁབ་སྡུག་ཤོས་ཁག་ནི་ཨ་ཕེ་རི་ཀ་དང་དབུས་ཨ་ཕེ་རི་ཀ་གཉིས་ཡིན་པ་གསུངས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org