ཧོང་ཀོང་དུ་ཨེ་ལྦེ་ལྦེ་ལ་རྒྱབ་སྐྱོར་བྱེད་མཁན་འཛིན་བཟུང།

ཨེ་ལྦེ་ལྦེ་རྒྱབ་སྐྱོར་མཚོན་ཆེད་རི་མོ་བྲིས་པའི་ལེ་ཁག་ཡོད་མཁན་ཧོང་ཀོང་སྤྱི་ཚོགས་དམངས་གཙོ་ཚོགས་པའི་འཐུས་མི་གཉིས་འཛིན་བཟུང་།

2011.05.09

༄༅༎རྒྱ་ནག་གཞུང་གིས་ཟླ་བ་སྔོན་མའི་ཚེས་༣ཉིན་པེ་ཅིང་ནང་ རྒྱ་ནག་གི་སྒྱུ་རྩལ་བ་ཨེ་ལྦེ་ལྦེ་འཛིན་བཟུང་བྱས་པ་ནས་བཟུང་ཧོང་ཀོང་གི་སྲང་ལམ་ཁག་ཏུ་ཨེ་ལྦེ་ལྦེ་ཡིས་ངོ་རྒོལ་འདུ་འཛོམས་ཤིག་ཐོག་གཏམ་བཤད་གནང་བཞིན་པའི་རི་མོ་མང་པོ་ཞིག་ཐོན་ཡོད་པ་ལྟར། ཁ་ས་ཧོང་ཀོང་ས་གནས་སྲིད་གཞུང་གིས་རི་མོ་དེ་ཚོ་བྲིས་པའི་ལེ་ཁག་ཡོད་མཁན་ཧོང་ཀོང་སྤྱི་ཚོགས་དམངས་གཙོ་ཚོགས་པའི་འཐུས་མི་གཉིས་འཛིན་བཟུང་བྱས་འདུག།

ཧོང་ཀོང་ཉེན་རྟོག་པས་ཁོང་རྣམ་གཉིས་ཐོག་སྤྱི་པའི་དངོས་རྫས་ལ་གཏོར་སྐྱོན་བཏང་བའི་ནག་ཉེས་བཙུགས་ཏེ་། ཁ་ས་འཛིན་བཟུང་བྱས་ཡོད་སྐོར་འགྲེལ་བརྗོད་བྱས་བཞག ཧོང་ཀོང་སྤྱི་ཚོགས་དམངས་གཙོ་ཚོགས་པའི་ཚོགས་གཞོན་ཨེ་ལྦེ་རི་རྔ་ཡིས་ཕ་རེན་སི་གསར་ལས་ཁང་ལ།  རྒྱ་ནག་གི་སྒྱུ་རྩལ་བ་ཨེ་ལྦེ་ལྦེ་ལ་རྒྱབ་སྐྱོར་བྱ་ཆེད་ཚོགས་པའི་ཚོགས་མི་ཉི་ཤུ་རྩ་གྲངས་ཤིག་འཛོམས་པའི་སྐབས་སུ་གོང་ཞུས་ཚོགས་མི་གཉིས་ལ་ནག་ཉེས་བཙུགས་ནས་འཛིན་བཟུང་བྱས་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་ཅིང༌། རྩིག་པར་མཚོན་གཏོར་ནས་རི་མོ་བྲིས་པ་ནི་བསམ་ཚུལ་གསལ་བཏོན་བྱ་རྒྱུའི་རང་དབང་གི་ཆ་ཤས་ཤིག་ཡིན་དུས། ཧོང་ཀོང་གིས་ཁོང་རྣམ་གཉིས་འཛིན་བཟུང་བྱས་པ་དེས་རྒྱ་ནག་སྐམ་ས་ཆེན་པོས་གཞུང་དང་ལྟ་སྤྱོད་ལོགས་ཀར་འཛིན་མཁན་ཐོག་དྲག་གནོན་བྱེད་བཞིན་ཡོད་པར་རྒྱབ་སྐྱོར་བྱས་པ་ལྟ་བུ་ཆགས་ཀྱི་ཡོད་པའི་སྐྱོན་བརྗོད་གནང་འདུག།

ཧོང་ཀོང་སྤྱི་ཚོགས་དམངས་གཙོ་ཚོགས་པའི་ཚོགས་མ་གཉིས་ནས་ཨེ་ལྦེ་ལྦེ་ཡི་ངོ་གདོང་དང་ཁོང་གིས་ཚོགས་འདུའི་ཐོག་གསུང་པའི་བཀའ་མོལ་ཨེ་ལྦེ་ལྦེ་ལ་སུས་ཞེད་ཀྱི་ཡོག་རེད་ཟེར་བའི་ཚིག་བཅད་ རྩིག་པའི་འདེབས་སུ་མཚོན་གཏོར་ནས་བྲིས་གནང་ཡོད་པ་རེད། ཧོང་ཀོང་ཉེན་རྟོག་ལས་ཁང་གི་མགྲིན་ཚབ་པས་ནག་ཉེས་གསོག་མཁན་གཉིས་འཛིན་བཟུང་བྱས་ཡོད་པ་དང༌། དངུལ་གཏའ་མར་བཞག་ནས་གློད་བཀྲོལ་བཏང་ཡོད་ནའང༌། གྱོད་གཞི་དེའི་ཐོག་མུ་མཐུད་རྟོག་ཞིབ་བྱ་རྒྱུ་ཡིན་པའི་ཐོག་། ཚོགས་མི་གཉིས་པོས་ཕྱི་ཟླ་༦ཚེས་༨ཉིན་ཉེན་རྟོག་ལས་ཁང་དུ་བསྐྱར་དུ་ཡོང་དགོས་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎