ཧོང་ཀོང་ནང་རྒྱ་ནག་གི་རྒྱབ་སྐྱོར་འཆར་གཞི་ཁག་ལ་ངོ་རྒོལ་བྱས་བ།

ཧོང་ཀོང་ནང་རྒྱ་ནག་གི་རྒྱབ་སྐྱོར་འཆར་གཞི་ཁག་ལ་དམངས་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་གིས་ངོ་རྒོལ་བྱས་འདུག

ཧོང་ཀོང་ནང་དམངས་གཙོའི་ལས་འགུལ་བ་མང་པོ་འཇུ་བཟུང་བྱེད་བཞིན་པ། ༢༠༡༤།༡༡།༢༥ AFP

ཧོང་ཀོང་ནང་རྒྱ་ནག་གི་རྒྱབ་སྐྱོར་འཆར་གཞི་ཁག་ལ་དམངས་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་གིས་ངོ་རྒོལ་བྱས་འདུག
དེ་ཡང་གཟའ་ཕུར་བུའི་ཉིན་ཧོང་ཀོང་ས་གནས་འཛིན་སྐྱོང་ལྷན་ཁང་གི་སྤྱི་ཁྱབ་Leung Chun Yingདང་། སྤྱི་ཁྱབ་གཞོན་པ་Carrie Lamགཉིས་ཀྱིས་ས་གནས་ཁག་ལ་མ་འོངས་སྤྱི་ལོ་༢༠༡༧་ལོའི་ཧོང་ཀོང་ས་གནས་འཛིན་སྐྱོང་ལྷན་ཁང་གི་འགོ་ཁྲིད་འོས་བསྡུ་བྱེད་ཕྱོགས་ཀྱི་ཐད་དབུས་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་ཡོད་པའི་འཆར་གཞི་ཁག་མི་མང་ལ་གསལ་བསྒྲགས་དང་། སྒོ་དབྱེ་བྱེད་པར་བསྐྱོད་སྐབས་ས་གནས་དམངས་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་གིས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད། སྐབས་དེར་ཧོང་ཀོང་སྤྱི་ཁྱབ་ཀྱིས་བརྗོད་པར་བྱེད་སྟངས་དེ་ཚོ་ཀླ་ཀློའི་བྱེད་སྟངས་ལྟ་བུ་ཚུལ་ལྡན་མ་ཡིན་པའི་དམངས་གཙོིའི་བྱེད་སྟངས་ཤིག་རེད་ཅེས་སྐྱོན་བཙུགས་བྱས་ཡོད་པ་རེད།
ད་ཕན་ཧོང་ཀོང་ས་གནས་མི་མང་གིས་དུས་ཡུན་ཟླ་བ་གཉིས་ལྷག་ཙམ་རིང་ངོ་རྒོལ་སྐད་འབོིད་བྱས་ཏེ་ཧོང་ཀོང་ནང་དམངས་གཙོའི་ལམ་སྲོལ་ལྡན་པའི་འགོ་ཁྲིད་ཅིག་ས་གནས་མི་མང་གིས་འོས་བསྡུའི་ལམ་ནས་འོས་འདེམས་བྱེད་དགོས་པ་ལས་རྒྱ་ནག་དབུས་གཞུང་གིས་བཀའ་བཀོད་བསྐོ་བཞག་གི་གནས་སྟངས་དེར་ངོ་རྒོལ་བྱས་ཏེ་དགོས་འདུན་བཏོན་པ་ཞིག་རེད། མ་ཟད་པས་ད་རེས་ཧོང་ཀོང་གི་ནང་མ་འོངས་སྤྱི་ལོ་༢༠༡༧་ལོའི་འོས་བསྡུའི་
འཆར་གཞི་དྲིལ་བསྒྲགས་བྱེད་སྐབས་ཀྱང་དམངས་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ལམ་བཀག་པའམ་ཉི་གདུགས་སེར་པོ་འཁྱེར་བའི་མི་མང་ཁྱོན་ཆེས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད།

གསར་འགོད་པ་ཕྲེང་རིང་བསྟན་ནོར།

འབྲེལ་ཡོད་གནས་ཚུལ་གཤམ་ལ་རྒྱ་ནག་དང་ཧོང་ཀོང་ཐེ་དབན་གྱི་ལེ་ཚན་ནང་གསན་རོགས༎

གསར་འགོད་པ་འཆི་མེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org