ཨ་རིའི་འཕྲོད་བསྟེན་ཁྲིམས་བསྐྱར་བཅོས་ལ་མང་མོས་ཐག་གཅོད།

ཨ་མེ་རི་ཀའི་གྲོས་ཚོགས་འོག་མས་ཨ་རིའི་འཕྲོད་བསྟེན་གྱི་ཁྲིམས་གཞི་བསྐྱར་བཅོས་ཀྱི་གྲོས་འཆར་ལ་མང་མོས་ཐག་གཅོད་གནང་འདུག

༄༅༎ཨ་མེ་རི་ཀའི་གྲོས་ཚོགས་འོག་མས་ཨ་རིའི་འཕྲོད་བསྟེན་གྱི་ཁྲིམས་གཞི་བསྐྱར་བཅོས་ཀྱི་གྲོས་འཆར་ལ་མང་མོས་ཐག་གཅོད་གནང་འདུག

རེས་གཟའ་སྤེན་པའི་མཚན་དཀྱིལ་ཙམ་ལ་ཨ་མེ་རི་ཀའི་གྲོས་ཚོགས་འོག་མས་ཨ་རིའི་འཕྲོད་བསྟེན་གྱི་ཁྲིམས་གཞི་བསྐྱར་བཅོས་ཀྱིས་ད་བར་སྒེར་བདག་བྱས་པའི་འཕྲོད་བསྟེན་གྱི་ལམ་སྲོལ་ལ་དུས་བསྟུན་བསྐྱར་བཅོས་གནང་རྒྱུར་ཐག་གཅོད་གནང་འདུག

གཞུང་གི་འཐེ་བྱུས་ཡོད་པའི་ལམ་ལུགས་གསར་གཏོད་གནང་ཕྱོགས་ཐད་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པའི་དབར་རྩོད་པ་ཆེན་པོ་ཡོད་པ་མ་ཟད་མ་རྩའི་རིང་ལུགས་ཀྱི་དཔོན་རིགས་དང་ཚོང་པ་ཚོས་ད་བར་གཞུང་གི་ཐེ་བྱུས་རྩ་བ་ནས་མེད་པར་ལག་བསྟར་བྱས་པའི་འཕྲོད་བསྟེན་གྱི་ལམ་སྲོལ་ལ་ད་ཆ་གཞུང་གིས་ཐད་ཀར་ཐེ་བྱུས་སམ་དངོས་སུ་གཞུང་འཛིན་བྱེད་རྒྱུར་ངོ་རྒོལ་ཤུགས་ཆེ་བྱེད་བཞིིན་པ་རེད། དེ་ལྟར་ཡང་རེས་གཟའ་སྤེན་པའི་ཨ་རིའི་གྲོས་ཚོགས་འོག་མའི་ནང་འཕྲོད་བསྟེན་གྱི་ཁྲིམས་གཞི་གསར་པ་ཉིན་གང་གྲོས་བསྡུར་གྱིས་མཐར་འོས་འཕེན་གྱི་ལམ་ནས་ཐག་གཅོད་གནང་འདུག

གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་ཁྲིམས་གཞི་ལ་ཚོགས་མི་༢༢༠ཐམ་པས་རྒྱབ་སྐྱོར་དང་༢༡༥ས་ངོ་རྒོལ་བྱུང་སྟེ་ཁྲིམས་གཞིར་རྒྱབ་སྐྱོར་ཐོབ་ཡོད་དགའ་ཚོར་ཆེན་པོས་གསལ་བསྒྲགས་གནང་འདུག ཁྲིམས་གཞི་ལ་རྒྱབ་སྐྱོར་གནང་མཁན་ཚང་མ་གཞུང་འཛིན་དམངས་གཙོ་ཚོགས་པའི་ཁྲིམས་བཟོ་བ་ཤ་ཏག་དང་ངོ་རྒོལ་གནང་མཁན་ཀྱང་ཕྱོགས་འགལ་ཚོགས་པའི་ཁྲིམས་བཟོ་བ་ཁོ་ན་ཡིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org