གོ་ལའི་ལྷན་ཚོགས་ཐེངས་དགུ་པའི་ཐོག་བོདམི་མཉམ་ཞུགས་གནང་འདུག


2018.05.10
གོ་ལའི་ལྷན་ཚོགས་ཐེངས་དགུ་པའི་ཐོག་བོདམི་མཉམ་ཞུགས་གནང་འདུག གོ་ལའི་ལྷན་ཚོགས་ཐེངས་༩པའི་ཐོག་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་རྣམས་ལ་ཆེ་བསྟོད་ཞུས་ཡོད་པ་དང་བོད་རིགས་གཉིས་མཉམ་ཞུགས་གནང་འདུག
གོ་ལའི་ལྷན་ཚོགས་ཐེངས་དགུ་པ།

དེ་ཡང་ད་རེས་སྤྱི་ལོ་༢༠༡༨སྤྱི་ཟླ་༥པའི་ཚེས་༦ནས་༩བར་ཨ་ཧྥི་རི་ཀའི་གླིང་ཕྲན་ཁུལ་གྱི་(Senegal) རྒྱལ་ཁབ་ཀྱི་རྒྱལ་ས་(Dakar)དུ་འཛམ་གླིང་གི་རྒྱལ་ཁབ་༡༠༠ལྷག་ནས་ཡོང་བའི་དམངས་གཙོ་དོན་གཉེར་བ་དང་། གྲོས་ཚོགས་ཀྱི་འཐུས་མི། གསར་འགོད་པ་དང་ངལ་རྩོལ་གྱི་མཐུན་ཚོགས་ཀྱི་མི་སྣ། ཆོས་ལུགས་དང་རིག་གཞུང་མི་འདྲ་བའི་དབུ་ཁྲིད་སོགས་ཀྱིས་གོ་ལའི་ལྷན་ཚོགས་ཐེངས་༩པ་དེ་གནང་ཡོད་པ་དང༌། ལྷན་ཚོགས་དེའི་ཐོག་ནས་ད་ཡོད་དམངས་གཙོའི་ལྟ་གྲུབ་སྲུང་སྐྱོབ་དང་གོ་ལ་ཁྱོན་ཡོངས་སུ་ཉེ་བའི་དུས་སུ་དམངས་གཙོའི་ལས་དོན་གྱི་ཁ་གཏད་དུ་ལངས་བཞིན་པའི་དབང་ཤུགས་ལ་གདོང་ལེན་གྱི་ཆེད་དུ་སྲིད་བྱུས་འཛིན་སྟངས་གང་འདྲ་བྱེད་དགོས་མིན་སྐོར་བགྲོ་གླེང་གནང་ཡོད་པ་དང༌། ལྷན་ཚོགས་དེའི་ཐོག་བསྟན་འཛིན་དཔལ་སྐྱིད་ལགས་དང་བསྟན་འཛིན་རྡོ་རྗེ་ལགས་གཉིས་ལ་མགྲོན་འབོད་གནང་བ་བཞིན་མཉམ་ཞུགས་གནང་ཡོད་པ་རེད།
ལྷན་ཚོགས་དེ་བཞིན་འཛམ་གླིང་གི་དམངས་གཙོའི་ལས་འགུལ་ཚོགས་པས་གོ་བསྒྲིགས་གནང་བ་ཞིག་ཡིན་པ་དང༌། ལྷན་ཚོགས་དེའི་མཇུག་བསྡོམས་སྐབས་སུ་འཛམ་གླིང་ཁྱོན་ཡོངས་སུ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་ཕྱག་ལས་གནང་བཞིན་པའི་དོན་གཉེར་ཅན་དང་ལས་འགུལ་སོགས་ལ་དམངས་གཙོའི་སྙིང་སྟོབས་ཞེས་པའི་ཆེ་བསྟོད་ཞུས་ཡོད་པ་དང༌། དེ་སྐབས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་རྣམ་པའི་ཆེ་བསྟོད་གཟེངས་རྟགས་དེ་རྒྱ་ནག་ནང་ཆོས་ལུགས་གྲངས་ཉུང་མི་རིགས་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་རྒྱ་ནག་གཞུང་གིས་འཇུ་བཟུང་དོ་དམ་གི་རྗེས་སུ་གར་སོང་ཆ་མེད་དུ་གྱུར་བ་(Jin Bianling)གི་བཟའ་ཟླ་(Jiang Tianyong)གིས་བཞེས་ཡོད་པ་རེད་འདུག
དེ་མིན་གཟེངས་རྟགས་རྣམས་ཨ་ཧྥི་རི་ཀའི་ནང་ཁྲིམས་ལུགས་ཀྱི་དབང་འཛིན་གྱི་ཆེད་དུ་འཐབ་རྩོད་གནང་བཞིན་པའི་དོན་གཉེར་ཅན་སོགས་ལ་ཕུལ་ཡོད་པ་རེད་འདུག
གོ་ལའི་ལྷན་ཚོགས་དགུ་པའི་ཐོག་ནས་འཛམ་གླིང་ཁྱོན་ཡོངས་ནས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་ལས་འགུལ་སྤེལ་བའི་ཆེད་དུ་སྡིངས་ཆ་བསྐྲུན་ནས་མཉམ་ལས་དང་གཅིག་སྒྲིལ་གྱིས་ཐབས་བྱུས་བསྐྲུན་ཐབས་བྱེད་ཀྱི་ཡོད་པ་དེ་དག་ནི་དེང་སྐབས་དམངས་གཙོའི་རིན་ཐང་དང་ལྟ་གྲུབ་ལ་འཕྲད་བཞིན་པའི་ཉེན་ཚབས་ལ་ཁ་གཏད་གདོང་ལེན་བྱེད་པར་གལ་གནད་ཆེན་པོ་ཡིན་པའི་སྐོར་ཚོགས་འདུ་དེའི་ནང་མཉམ་ཞུགས་གནང་མཁན་བསྟན་འཛིན་དཔལ་སྐྱིད་ལགས་ཀྱིས་འགྲེལ་བརྗོད་གནང་འདུག
ཡང་འཛམ་གླིང་དམངས་གཙོའི་ལས་འགུལ་ཚོགས་པའི་འགན་འཛིན་(Ryota Jonen)ལགས་ཀྱིས་བོད་ཀྱི་གནད་དོན་དེ་ནི་འཛམ་གླིང་ནང་གི་ཚབས་ཆེ་ཤོས་ཀྱི་གནད་དོན་ཞིག་ཆགས་ཡོད་པའི་གནད་དོན་དེ་ལ་གོ་ལའི་སྤྱི་ཚོགས་ཀྱིས་གལ་གནད་ཆེ་ཤོས་ཤིག་ལ་ངོས་འཛིན་གནང་དགོས་པའི་འབོད་བསྐུལ་ཞུས་འདུག དེ་བཞིན་ད་རེས་བསྟན་འཛིན་དཔལ་སྐྱིད་ལགས་དང་བོད་ཀྱི་ལས་འགུལ་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་གཉིས་ཀྱིས་ལྷན་ཚོགས་དེའི་ཐོག་མཉམ་ཞུགས་གནང་བ་དེའི་ཐོག་ནས་ང་ཚོས་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་བྱེད་དགོས་པ་ཙམ་དུ་མ་ཟད། ཐབས་བྱུས་དང་ལྡན་པའི་ཐོག་ནས་མཉམ་འབྲེལ་གྱིས་ལས་དོན་སྤེལ་དགོས་པའི་དྲན་གསོ་བཏང་ཡོིད་པའི་སྐོར་ཁོང་གིས་མུ་མཐུད་དེ་འགྲེལ་བརྗོད་གནང་ཡོད་པའི་གནས་ཚུལ་སྤེལ་འདུག
གསར་འགོད་པ་ཚེ་དབང་ནོར་བུ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎