རོ་ཧིན་གྱ་བརྒྱ་ཕྲག་མ་ཡན་མར་ལ་ཕྱིར་ལོག་བྱས་འདུག

མ་ཡན་མར་གྱི་ཁ་ཆེའི་མི་རིགས་འབང་ལ་རྡེཤ་ནང་སྐྱབས་བཅོལ་དུ་གནས་བཞིན་པ་ཁག་ཅིག་འཕྲལ་སེལ་རིང་ཕྱིར་ལོག་བྱེད་བཞིན་།

མ་ཡན་མར་གྱི་ཁ་ཆེའི་མི་རིགས་འབང་ལ་རྡེཤ་ནང་སྐྱབས་བཅོལ་དུ་གནས་བཞིན་པ་ཁག་ཅིག་འཕྲལ་སེལ་རིང་ཕྱིར་ལོག་བྱེད་བཞིན་། ཨེ་ཨེཕ་པི།

༄༅༎འབང་ལ་རྡེ་ཤི་ནང་སྐྱབས་བཅོལ་དུ་གནས་བཞིན་པའི་མ་ཡན་མར་གྱི་གྲངས་ཉུང་ཁ་ཆེའི་མི་རིགས་བརྒྱ་ཕྲག་མང་པོས་རང་ཡུལ་དུ་ལྷག་པའི་རང་གི་ཕ་མ་སྤུན་མཆེད་རྒན་གོག་རྣམས་ལེན་དུ་མ་ཡན་མར་དུ་འཕྲལ་སེལ་རིང་ཕྱིར་ལོག་བྱེད་བཞིན་པའི་གནས་ཚུལ་འདུག  དེ་ཡང་མ་ཡན་མར་གྱི་དམག་མིས་ Rohingya  གྲངས་ཉུང་ཁ་ཆེའི་མི་རིགས་འཛིན་བཟུང་དང་དྲི་ཞིབ་བྱ་རྒྱུ་མཚམས་འཇོག་བྱས་པའི་རྗེས་ Rohingya ཁ་ཆེའི་མི་རིགས་སྟོང་ཕྲག་མང་པོ་རང་ཡུལ་མ་ཡན་མར་དུ་དེ་སྔ་བྲོས་བྱོལ་དུ་འགྲོ་མ་ཐུབ་པའི་རང་གི་ཕ་མ་རྒས་གོག་རྣམས་ལེན་དུ་ཕྱིན་ཡོད་ལུགས་འབང་ལ་རྡེ་ཤིའི་Teknaf གྲོང་ཁྱེར་ནང་སྐྱབས་བཅོལ་དུ་གནས་ཡུལ་གྱི་བརྒྱ་དཔོན་Dudu Mia ཞུ་བས་གསུངས་བཞག ཁོང་གིས་ཕ་མ་སྤུན་མཆེད་རྒས་གོག་ལེན་དུ་འགྲོ་མཁན་ཕལ་ཆེ་བ་གཞོན་སྐྱེས་ཡིན་པ་དང་།  ཁོང་ཚོས་འདས་པའི་ཟླ་བ་བཞི་ལྷག་རང་རང་གི་ཕ་མ་མཉམ་དུ་མཐའ་ན་ཁ་པར་ཐོག་སྐད་ཆ་ཡང་བཤད་རྒྱུའི་གོ་སྐབས་བྱུང་མེད་པ་རེད་ཅེས་མུ་མཐུད་གསུངས་བཞག འབང་ལ་རྡེ་ཤིའི་ས་སྲུང་དམག་མིས་ཀྱང་ Rohingya  ཁ་ཆེའི་སྐྱབས་བཅོལ་བ་ཁག་ཅིག་མ་ཡན་མར་དུ་ཕྱིར་ལོག་བྱས་ཡོད་པ་དེ་བདེན་པ་ཡིན་ལུགས་བཤད་བཞག།
གསར་འགོད་པ་ཚེ་དབང་དངོས་གྲུབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org