སྦིན་ལ་ལྡན་སྡོད་ཁང་ནས་ཡིག་ཆ་མང་པོ་བརྙེད་ཡོད་པ།

པ་ཀི་སི་ཐན་གྱི་ས་གནས་ཞིག་ནས་ཨོ་ས་མ་སྦིན་ལ་ལྡན་དམར་བསད་བཏང་སའི་ཁང་པའི་ནང་ནས་ཡིག་ཆ་དང་ཀམ་པུའུ་ཊར་སོགས་རྩལ་རྙེད།

༄༅༎ཨ་རིའི་དམིགས་བསལ་དམག་དཔུང་གིས་པ་ཀི་སི་ཐན་གྱི་ས་གནས་ཞིག་ནས་ཨོ་ས་མ ་སྦིན་ ལ་ལྡན་ དམར་བསད་བཏང་བའི་རྗེས  ཁོང་པ་སྡོད་སའི་ཁང་པའི་ནང་ནས་ཡིག་ཆ་དང་འོད་སྡེར་ མ་པུའུ་ར་སོགས་རྩལ་རྙེད་ཐུབ་ཡོད་པ་དང་། དེའི་ནང་ནས་ལག་ཐོག་ནས་བྲིས་པའི་ཡིག་ཆ་ཞིག་ནང་ སྦིན་ལ་ལྡན་གྱིས་དགུ་བཅུ་གཅིག་གིས་དོན་རྐྱེན་དེ་སྤེལ་ནས་ལོ་ངོ་བཅུ་འཁོར་བའི་དུས་དྲན་སྐབསཨ་རིའི་མེ་འཁོར་འགྲེམ་འགྲུལ་ལ་གཏོར་རྒོལ་གྱི་འཇིགས་སྐུལ་དྲག་སྤྱོད་ཀྱི་བྱ་སྤྱོད་སྤེལ་རྒྱུའི་འཆར་གཞི་བཀོད་ཡོད་པ་དང་འཆར་གཞིའི་ནང་ཨ་རིའི་རི་ལིར་གཏོར་རྒོལ་བཏང་ནས་རི་ལི་ཟམ་པ་འམ་རི་གྲོང་གི་རོམ་ནང་དབྱུག་ཐུབ་རྒྱུའི་འཆར་གཞི་བཀོད་ཡོད་པ་རེད། 

ཡིན་ནའི་ཨ་རིའི་འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་དམིགས་གསལ་ལས་ཁང་གི་དཔོན་རིགས་ནས་གསུང་ན། སྦིན་ལ་ལྡན་གྱི་བཏིང་འི་གོང་ཞུས་འཆར་གཞི་དེ་བཀོད་ཡོད་པ་ལས་དངོས་སུ་འཇིགས་སྐུལ་དྲག་སྤྱོད་ལས་དོན་ངེས་ཅན་ལག་བསྟར་བྱ་རྒྱུའི་བཀོད་ཁྱབ་བཏང་བ་གང་ཡང་མེད་ལུགས་གསུང་འདུག  

དེ་རིང་གཟའ་པ་སངས་ཉིན་ཨ་རིའི་སྲིད་འཛིན་བོ་རག ཨོའོ་བ་མ་ཡིསད་རེས་སྦིན་ལ་ལྡན་གྱི་སྡོད་ཁང་དུ་གཏོར་རྒོལ་བཏང་བར་བསྐྱོད་མཁན་གྱི་ཨ་རིའི་དམག་དཔུང་གི་དམག་མི་ཁག་ཅིག་དང་ཐུགས་འཕྲད་གནང་རྒྱུ་ཡིན་པ་དང་གཟའ་ཕུར་བུའི་ཉིན་སྲིད་འཛིན་མཆོག་གིས་དགུ་བཅུ་གཅིག་གི་དོན་རྐྱེན་བྱུང་སའི་ཨ་རིའི་གྲོང་ཁྱེར་ནིའུ་དབྱོག་གི་ཚོང་དོན་ལྟེ་གནས་ཀྱི་ཁང་པ་གསར་རྒྱག་གི་རྩིགས་རྨང་གཏིང་སར་ཕེབས་ནསའཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་འོག་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་དྲན་གསོ་གནང་བ་དང་ཁོང་ཚོའི་ནང་མི་སྤུན་མཆེད་ཁག་ཅིག་དང་ཡང་མཇལ་མོལ་གནང་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org