མི་རིགས་དང་ཆོས་ལུགས་མཐུན་སྒྲིལ་དགོས་པའི་བཀའ་གནང་བ།

རྒྱ་གར་ཡར་རྒྱས་གོང་འཕེལ་འགྲོ་བཞིན་པ་དེ་ནི་མི་རིགས་འདྲ་མིན་ཕན་ཚུན་བཟོད་སྲན་ངང་མཉམ་གནས་ཐུབ་པའི་ནུས་པ་ལས་བྱུང་བ་ཞིག་ཡིན་པ།

རྒྱ་གར་ཡར་རྒྱས་གོང་འཕེལ་འགྲོ་བཞིན་པ་དེ་ནི་མི་རིགས་འདྲ་མིན་ཕན་ཚུན་བཟོད་སྲན་ངང་མཉམ་གནས་ཐུབ་པའི་ནུས་པ་ལས་བྱུང་བ་ཞིག་ཡིན་པ། ཨེ་ཨེཕ་པི།

རྒྱ་གར་གྱི་སྲིད་འཛིན་Pranab Mukherjeeམཆོག་གིས་རྒྱ་གར་ནི་མི་རིགས་འདྲ་མིན་དང་།སྐད་ཡིག་འདྲ་མིན།དེ་བཞིན་ཆོས་ལུགས་འདྲ་མིན་ཡོད་པའི་ཡུལ་ཞིག་ཡིན་སྟབས་ཚང་མས་མི་རིགས་དང་ཆོས་ལུགས་སོགས་ཀྱི་མཐུན་སྒྲིལ་དང་།བཟོད་སྲན་བྱེད་དགོས་པའི་བཀའ་སློབ་བསྐྱར་དུ་གནང་བཞག  དེ་ཡང་དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཆེས་མཐོའི་ཁྲིམས་ཁང་གསར་འཛུགས་གནང་ནས་མི་ལོ་ལྔ་བཅུ་འཁོར་བའི་ལོ་འཁོར་དུས་ཆེན་ཉིན་སྲིད་འཛིན་ Pranab Mukherjeeམཆོག་དང་།ལྡི་ལིའི་སྤྱི་ཁྱབ་བློན་ཆེན་Arvind Kejriwal སོགས་ཕེབས་ཡོད་པ་དང་།སྐབས་དེར་སྲིད་འཛིན་ Pranab Mukherjeeམཆོག་གིས་གསུང་བཤད་ཞིག་གནང་བའི་ནང་རྒྱ་གར་ཡར་རྒྱས་གོང་འཕེལ་འགྲོ་བཞིན་པ་དེ་ནི་མི་རིགས་འདྲ་མིན་ཕན་ཚུན་བཟོད་སྲན་ངང་མཉམ་གནས་ཐུབ་པའི་ནུས་པ་ལས་བྱུང་བ་ཞིག་ཡིན་པ་དང་རྒྱ་གར་ནི་མི་འབོར་ཐེར་འབུམ་གཅིག་དང་གྲངས་ཆུང་༣ཙམ་ཡོད་པ་དང་།སྐད་ཡིག་མི་འདྲ་བ་༡༢༢ཙམ་དང་།ཡུལ་སྐད་མི་འདྲ་བ་ཆིག་སྟོང་དྲུག་བརྒྱ་ཙམ།དེ་བཞིན་ཆོས་ལུགས་བདུན་ཙམ་ཡོད་པའི་ཡུལ་ཞིག་ཡིན་པ་དང་།མི་རིགས་དང་སྐད་ཡིག ཆོས་ལུགས་དུ་མ་མཉམ་གནས་ཐུབ་པ་ནི་ང་ཚོའི་ནུས་སྟོབས་དེ་ཡིན་སྟབས་དེ་མུ་མཐུད་གནས་ཐབས་སུ་ཚང་མས་འབད་བརྩོན་བྱེད་དགོས་པ་དང་།རྩ་ཁྲིམས་ཀྱི་ནང་དོན་མང་པོའི་ནང་དུའང་གསལ་པོ་འཁོད་པ་རེད་ཅེས་གསུངས་བཞག།
གསར་འགོད་པ་ཚེ་དབང་དངོས་གྲུབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org