རྒྱ་གར་རང་བཙན་ཉིན་མོའི་སྔ་རོལ་དུ་དམ་བསྒྲགས།

འདི་ལོའི་རྒྱ་གར་གྱི་རང་བཙན་དུས་དྲན་གྱི་ཉིན་མོའི་མཛད་སྒོའི་ཐོག་སྲུང་སྐྱོབ་དམ་བསྒྲགས་བྱེད་འགོ་བཙུགས་ཟིན་ཡོད་པ་རེད།

༄༅༎ན་ནིང་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་དུ་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་ཚབས་ཆེ་བཏང་སྟེ་མི་རྒྱུ་གཉིས་ལ་གནོད་འཚེ་ཆེན་པོ་བྱུང་བའི་དོན་རྐྱེན་དེའི་རྗེས་སུ་འདི་ལོའི་རྒྱ་གར་གྱི་རང་བཙན་དུས་དྲན་གྱི་ཉིན་མོའི་མཛད་སྒོའི་ཐོག་སྲུང་སྐྱོབ་དམ་བསྒྲགས་བྱེད་འགོ་བཙུགས་ཟིན་ཡོད་པ་རེད།

དེ་སྔ་ཕྱི་ལོ་༡༩༤༧ལོའི་ཕྱི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་རྒྱ་གར་དབྱིན་ཇིའི་བཙན་འོག་བསྡད་པའི་དུས་རབས་མཇུག་བསྒྲིལ་ཏེ་རང་བཙན་ཐོབ་པའི་ཉིན་མོ་ཡིན་པར་བརྟེན་རིང་མིན་ཕྱི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་མོ་དེ་ནི་རྒྱ་གར་རང་བཙན་ཐོབ་ནས་མི་ལོ་དྲུག་ཅུ་རེ་གཉིས་འཁོར་བའི་དུས་དྲན་ཡིན་ཞིང་དེ་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རང་བཙན་གྱི་དུས་དྲན་གྱི་མཛད་སྒོའི་ཐོག་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་གྱི་འཇིགས་སྣང་འོག་དེ་རིང་རེས་གཟའ་པ་སངས་ནས་རྒྱལ་ས་ལྡི་ལིའི་ནང་དུ་ཡོད་པའི་དྲན་རྟེན་ཁང་དང་ཁྲོམས་ར།འགྲིམས་འགྲུལ་འབབ་ཚུགས།ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་སོགས་ལ་གཞི་རྒྱ་ཆེ་བའི་སྲུང་སྐྱོབ་དམག་མི་དང་དྲག་ཆས་ཉེན་རྟོག་པ་འགྲེམས་འཇོག་བྱས་ཡོད་པ་མ་ཟད་ད་དུང་གནམ་ཐང་དང་མཚོ་ཐོག་གི་འགྲོ་ལམ་ཁག་ཐོག་ལ་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་ཡོད་ཅིང་ཡིན་ནའང་རྒྱ་གར་ནང་སྲིད་བློན་ཆེན་གྱིས་རང་བཙན་གྱི་དུས་ཆེན་ཉིན་འགོག་རྐྱེན་མི་ཡོང་བའི་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་བ་ལས་དུས་ཆེན་དེའི་ཉིན་ལ་འཇིགས་སྐུལ་རིང་ལུགས་པ་སོགས་ཀྱིས་གཏོར་རྒོལ་གཏོང་རྒྱུའི་འཇིགས་སྐུལ་གྱི་ཉེན་བརྡ་བཏང་བའི་གནས་ཚུལ་དེ་འདྲ་ད་ལྟ་བྱུང་མེད་པའི་སྐོར་གསུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org