གྲོང་ཁྱེར་མུམ་སྦེ་ནང་བྱུང་བའི་དོན་རྐྱེན་དཔང་རྟཌ་ཡོད་ཚུལ།

རྒྱ་གར་གྱིས་སྔ་ལོ་གྲོང་ཁྱེར་མུམ་སྦེ་ནང་ཁ་ཆེའི་དྲག་སྤྱོད་པས་གཏོར་རྒོལ་བཏང་བའི་ནང་པ་ཀི་སི་ཏན་གཞུང་དང་འབྲེལ་བ་དཔང་རྟཌ་ཡོད་ཚུལ།

༄༅༎རྒྱ་གར་གཞུང་གིས་སྔ་ལོ་གྲོང་ཁྱེར་མུམ་སྦེ་ནང་ཁ་ཆེའི་དྲག་སྤྱོད་པས་གཏོར་རྒོལ་བཏང་བའི་ནང་པ་ཀི་སི་ཏན་གྱི་གཞུང་གི་ལས་ཁང་འབྲེལ་བ་ཡོད་པའི་ར་སྤྲོད་དཔང་རྟགས་ཧ་ཅང་མང་པོ་ཡོད་སྐོར་གསུངས་འདུག

རྒྱ་གར་གྱི་ནང་སྲིད་བློན་ཆེན་པི་ཆི་རྡམ་སྦ་རམ་མཆོག་གིས་སྔ་ལོ་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦེ་ནང་གཏོར་རྒོལ་ཚབས་ཆེ་བཏང་བའི་ནང་པ་ཀི་སི་ཏན་གཞུང་གི་ལས་ཁང་ཁག་ཐེ་བྱུས་ཡོད་པའི་ང་ཚོར་ར་སྤྲོད་དཔང་རྟགས་ཧ་ཅང་མང་པོ་ཡོད་ཅེས་དང་པ་ཀི་སི་ཏན་གྱི་ལས་ཁང་དེ་དག་ནི་པ་ཀི་སི་ཏན་གྱི་གསང་བའི་ལས་ཁང་དང་དམག་མི་ཡིན་སྐོར་གསུངས་འདུག ཡིན་ནའི་ཁོང་གི་པ་ཀི་སི་ཏན་གྱི་གསང་བའི་ལས་ཁང་དང་དམག་མི་གཉིས་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦེ་ནང་གཏོར་རྒོལ་བཏང་བའི་ཐེ་བྱུས་ཡོད་པའི་ར་སྤྲོད་དཔང་རྟགས་ག་རེ་སྟོན་རྒྱུ་ཡོད་མེད་སྐོར་ཞིབ་ཕྲའི་གནས་ཚུལ་གསུངས་མེད་ན་ཡང་སྔ་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་གྲོང་ཁྱེར་མུམ་སྦེ་ནང་ཁ་ཆེའི་དྲག་སྤྱོད་པས་གཏོར་རྒོལ་ཚབས་ཆེ་བཏང་བའི་ནང་མི་གྲངས་༡༦༥རྐྱེན་ལམ་དུ་ཕྱིན་པའི་རྗེས་སུ་ཡང་རྒྱ་གར་ལ་པ་ཀི་སི་ཏན་ནང་རྟེན་གཞི་བྱས་པའི་ཁ་ཆེའི་དྲག་སྤྱོད་པའི་ཉེན་ཁ་ཆུང་དུ་ཕྱིན་མེད་སྐོར་གསུངས་འདུག ད་བར་པ་ཀི་སི་ཏན་གཞུང་ངོས་ནས་རྒྱ་གར་གྱི་ནང་སྲིད་བློན་ཆེན་མཆོག་གི་གོང་ཞུས་གཏམ་བཤད་ལ་ཡ་ལན་གང་ཡང་སློག་མེད་པའི་གནས་ཚུལ་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org