རྒྱ་གར་གྱིས་སླར་ཡང་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པ།

རྒྱ་གར་གྱིས་སླར་ཡང་ནུས་ཤུགས་ལྡན་པའི་མེ་ཤུགས་འཕུར་མདེལ་ཞིག་ཚོད་ལྟ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

༄༅༎རྒྱ་གར་དང་ཁྱིམ་མཚེས་པ་ཀི་སི་ཏན་གཉིས་ནས་མེ་ཤུགས་འཕུར་མདེལ་རྒྱངས་ཐག་རིང་ཐུང་དང་ནུས་ཤུགས་ཆེ་ཆུང་ག་འདྲ་ཞིག་ཡིན་རུང་ཚོད་ལྟ་མ་བྱས་པའི་གོང་སྔོན་ཚུད་ནས་བརྡ་ལན་སྤྲོད་རེད་བྱེད་སྲོལ་ཡོད་པ་ལྟར་དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་ཨོ་རི་སའི་མངའ་སྡེའི་སྦཱ་ལ་སོར་ཞེས་པའི་ས་ཀུལ་ནས་རྒྱ་གར་གྱི་ཤུས་ཤུགས་ལྡན་པའི་མེ་ཤུགས་འཕུར་མདེལ་ཞིག་ལམ་ལྷོང་ལྡན་པའི་ཐོག་ནས་ཚོད་ལྟ་བྱས་ཡོད་འདུག

ཡང་མིང་འདོན་མི་བྱེད་པའི་འབྲེལ་ཡོད་ཚན་པའི་ལས་བྱེད་ཤིག་ནས་འགྲེལ་བརྗོད་བྱས་པར་ལྟར་ན་དེ་རིང་ཚོད་ལྟ་བྱས་པའི་ཤོར་ཡ་གསར་པ་ཞེས་པའི་མེ་ཤུགས་འཕུར་མདེལ་དེ་ནི་རྒྱང་ཐག་ཀི་ལོ་མི་ཊར་དྲུག་བརྒྱ་ཙམ་ཡིན་པ་དང་དེ་ནི་ས་འོག་གི་དམག་དོན་ལས་དོན་ཐོག་བེད་སྤྱོད་ཆེ་བས་འཕྲུལ་རིགས་ཤིག་ཡིན་པའི་སྐོར་ཡང་འགྲེལ་བརྗོད་བྱས་ཡོད་པ་རེད།

འོན་ཀྱང་རྒྱ་གར་གྱི་ཨག་ནི་གསུམ་པ་ཞེས་པའི་མེ་ཤུགས་འཕུར་མདེལ་དེ་དག་ནི་རྒྱང་ཐག་རིང་ཤོས་ཞིག་ཡིན་པ་མ་ཟད་དེས་རྒྱ་ནག་དང་དཀྱིལ་ཤར་ཡུལ་གྲུའི་བར་སྙོབས་ཐུབ་པའི་ནུས་པ་ཡོད་པ་ཞིག་ཡིན་འདུག པ་ཀི་སི་ཏན་ནས་ཀྱང་ཉེ་ཆར་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་ཡོད་པ་རེད་ལ་རྒྱ་ནག་ནས་པ་ཀི་སི་ཏན་ལ་གོ་མཚོན་ཐོག་མཐུན་འགྱུར་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org