བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་རྒྱ་གར་ལྷོ་ཕྱོགས་སུ་འཕགས་བོད་འབྲེལ་ལམ་དང་མ་འོངས་ཁ་ཕྱོགས་སྐོར་བགྲོ་གླེང་གི་ལས་རིམ་ཞིག་གོ་སྒྲིག་གནང་ཡོད་པ།

2024.10.21
བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་རྒྱ་གར་ལྷོ་ཕྱོགས་སུ་འཕགས་བོད་འབྲེལ་ལམ་དང་མ་འོངས་ཁ་ཕྱོགས་སྐོར་བགྲོ་གླེང་གི་ལས་རིམ་ཞིག་གོ་སྒྲིག་གནང་ཡོད་པ། བོད་དོན་དང་འབྲེལ་བའི་གསུང་བཤད་ལས་རིམ་སྐབས། ༢༠༢༤།༡༠།༡༩ ཉིན།
CTA

ཟླ་ ༡༠ ཚེས་ ༡༩ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ (India-Tibet Relations and the Future Discourse) ཞེས་བོད་དང་རྒྱ་གར་བར་གྱི་འབྲེལ་བ་དང་མ་འོངས་པའི་འཆར་སྣང་དང་འབྲེལ་བའི་ཐོག་གསུང་བཤད་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། གསུང་བཤད་ལས་རིམ་དེ་བཞིན་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་དང་རྒྱ་གར་དབར་སྔ་མོའི་འབྲེལ་བ་དང་ད་ལྟའི་གནས་བབ་བཅས་ཀྱི་ཐོག་ལ་རྒྱ་གར་དང་བོད་པའི་གཞོན་སྐྱེས་མཐོ་སློབ་འགྲིམས་བཞིན་པ་རྣམས་ལ་གོ་རྟོགས་སྤེལ་རྒྱུའི་ཆེད་དུ་ཡིན་ཞེས། ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

གཞན་ཡང་གསུང་བཤད་ལས་རིམ་དེའི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ཀྱིས་བོད་ནས་ཐོན་པའི་གཙང་ཆུ་རྣམས་ནི་ཨེ་ཤེ་ཡའི་མི་འབོར་འབུམ་ཕྲག་མང་པོའི་འཚོ་རྟེན་ཆགས་ཡོད་པ་དང་། བོད་ཀྱི་ཁོག་ཡུག་གཏོར་སྐྱོན་ལ་བརྟེན་ནས་གཤམ་འོག་གི་ས་ཁུལ་དུ་ཆུ་རུད་སོགས་ཀྱི་ཉེན་ཁ་ཡོང་བཞིན་ཡོད་པ་སོགས་བོད་ཀྱི་ཁོར་ཡུག་གི་གལ་གནད་གསལ་སྟོན་དང་། ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་ནས་བོད་ཀྱི་ཆབ་སྲིད་དང་། བོད་ཀྱི་རིག་གཞུང་གི་གལ་གནད་སྐོར་གསུང་བཤད་གནང་བའི་ཁྲོད། རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་དུ་གཏང་རྒྱུའི་སྲིད་བྱུས་སྤེལ་བཞིན་པའི་དུས་སྐབས་འདིར་བོད་མི་རྣམས་ནས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་རྒྱུ་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་ཅིང་།  བོད་མིའི་སྒྲིག་འཛུགས་ནས་རྒྱལ་སྤྱིའི་ཁྲོད་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་ཞུ་གཏུག་གནང་བཞིན་ཡོད་སྐོར་གསལ་སྟོན་གནང་ཡོད་འདུག

རྩ་བའི་ཚོགས་འདུ་དེའི་ཐོག་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་དགེ་ལས་སློབ་ཕྲུག་ཁྱོན་ ༢༠༠ ཙམ་དང་། རྒྱ་གར་དང་བོད་ཀྱི་གནད་དོན་ཐོག་གཏམ་བཤད་པ་ཁྱོན་ ༦ གདན་ཞུ་གནང་ཡོད་པ་རེད་འདུག

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།






བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎