རྒྱ་གར་དུ་སློབ་ཕྲུག་ཚོའི་ཆེད་ཀམ་པིའུ་ཊར་གསར་བཟོ།

རྒྱ་གར་གཞུང་གིས་སློབ་ཕྲུག་ཚོའི་ཆེད་དུ་ཨ་རིའི་ཌོ་ལར་བཅུ་མ་གནས་ཐོབ་པའི་ལེབ་ཏོབ་ཅེས་པའི་སྟབས་བདེའི་ཀམ་པིའུ་ཊར་བཟོ་སྐྲུན་བྱེད་འཆར།

༄༅༎རྒྱ་གར་གཞུང་གིས་རྒྱ་གར་ནང་གི་སློབ་ཕྲུག་ཚོའི་རྣམ་དཔྱོད་དང་ལག་རྩལ་སོགས་ཡར་རྒྱས་གཏོང་ཐབས་ཀྱི་ཆེད་དུ་ཨ་རིའི་ཌོ་ལར་བཅུ་མ་གནས་ཐོབ་པའི་ལེབ་ཏོབ་ཅེས་པའི་སྟབས་བདེའི་ཀམ་པིའུ་ཊར་བཟོ་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

སྟབས་བདེའི་ཀམ་པིའུ་ཊར་དེ་རིགས་ཧ་ཅང་འཕོན་ཆེ་ཙམ་བཟོ་སྐྲུན་བྱ་རྒྱུའི་འཆར་གཞི་དེ་ནི་རྒྱ་གར་གཞུང་གིས་འགྲོ་གྲོན་བཏང་བ་མ་ཟད་དེ་ཡིས་རྒྱ་གར་ནང་གི་སློབ་ཕྲུག་ས་ཡ་མང་པོར་ཕན་ཐོགས་ཡོང་རྒྱུར་དམིགས་པ་ཞིག་དང་ལྷག་པར་དུ་རྒྱ་གར་གྱི་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་གྱི་གནས་ཚད་དང་བཟོ་ལས་རིག་རྩལ་གོང་མཐོར་བཏང་སྟེ་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་མུ་མཐུད་གོང་འཕེལ་ཡོང་ཐབས་ཀྱི་ཆེད་དུ་ཡིན་ཞིང་སྟབས་བདེའི་ཀམ་པིའུ་ཊར་བཟོ་སྐྲུན་གྱི་ལས་གཟི་དེ་ནི་རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་ལྷོ་ཕྱོགས་གྲོང་ཁྱེར་ཏྲི་པུ་རི་ཞེས་པའི་ནང་འགོ་བཙུགས་གནང་ཡོད་པ་རེད། ཀམ་པིའུ་ཊར་དེའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་ད་ལྟ་གསལ་པོ་ཤེས་རྟོགས་མེད་ཅིང་ཡིན་ནའང་གཟའ་འཁོར་སྔོན་མ་དེར་རྒྱ་གར་གྱི་ཆེས་མཐོའི་ཤེས་ཡོན་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ཨར་པི་ཨ་གར་ལྦལ་གྱིས་རྒྱ་གར་གྱི་པི་ཊི་ཨའེ་ཞེས་པའི་གསར་འགྱུར་ལས་ཁང་གི་བཅར་འདྲི་དང་ལེན་གནང་བའི་སྐབས་ཀམ་པིའུ་ཊར་དེ་ཚོད་ལྟའི་ལས་དོན་ལེགས་གྲུབ་ཟིན་པའི་རྗེས་མ་འོངས་པའི་ཟླ་བ་དྲུག་ནང་ཚུད་ལ་ཁྲོམ་རའི་ཐོག་ཐོན་རྒྱུ་ཡིན་པ་དང་དེའི་རིན་འབབ་ཨ་རིའི་ཌོ་ལར་བཅུ་ཐོབ་རྒྱུ་ཡིན་ཞིང་གལ་ཏེ་ཕ་མ་ཚོས་ཕྲུ་གུའི་ཤེས་ཡོན་གྱི་ཆེད་དུ་ཀམ་པིའུ་ཊར་ཉོ་འདོད་ཡོད་ཚེ་རིན་གོང་ཆེན་པོ་སྤྲོད་མི་དགོས་པར་ཉོ་བདེ་པོ་ཡོང་རྒྱུའི་ཆ་རྐྱེན་ཡོད་པའི་སྐོར་གསུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org