རྒྱ་གར་དུ་དྲ་རྒྱ་བེད་སྤྱོད་གཏོང་སྟངས་ཀྱི་གཏན་འབེབས་སྐོར་།
རྒྱ་གར་གཞུང་གིས་ངོ་དེབ་སོགས་ཀྱིས་སྤྱི་ཚོགས་ལ་གནོད་གཞིའི་བེད་སྤྱོད་ལོག་པར་མི་གཏོང་བའི་དམ་བསྒྲགས་བྱ་རྒྱུ་ཡིན་པ་གསུངས་འདུག
-
2012-02-14 -
-
-
༄༅༎རྒྱ་གར་གཞུང་གིས་དྲ་རྒྱའི་ཐོག་ཕན་ཚུན་འབྲེལ་མཐུད་བྱེད་རྒྱུ་ཡོད་པའི་དར་བཟོ་ཆེ་བའི་ངོ་དེབ་(Facebook)སོགས་ཀྱིས་སྤྱི་ཚོགས་ལ་གནོད་གཞིའི་བེད་སྤྱོད་ལོག་པར་མི་གཏོང་བའི་དམ་བསྒྲགས་བྱ་རྒྱུ་ཡིན་པ་གསུང་ཡོད་པ་མ་ཟད། ངོ་དེབ་བེད་སྤྱོད་གཏོང་མཁན་གྱིས་རྒྱ་གར་གཞུང་གིས་གསར་འགྱུར་ལས་རིགས་ཐོག་ལ་འཛིན་པའི་སྒྲིག་གཞི་དང་གཅིག་མཚུངས་དང་ལེན་བྱེད་དགོས་ཀྱི་ཡོད་པ་གསུང་ཡོད་པ་རེད།
དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་གློག་འཕྲིན་བློན་ཆེན་སྐུ་ཞབས་ཀ་པིལ་སི་སྦལ་གྱིས་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་དུ་ཚོགས་པའི་ཚོགས་འདུའི་ཐོག་ རྒྱ་གར་གཞུང་ཕྱོགས་ནས་དྲ་རྒྱའི་རང་དབང་ཐོག་ལ་དམ་བསྒྲཌ་བྱ་རྒྱུའི་འདོད་པ་མེད་ཀྱང་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཚོས་ངེས་པར་དུ་རྒྱ་གར་རྒྱལ་ཁབ་ཀྱི་གསར་འགྱུར་ལས་རིགས་ཐོག་ལ་གཏན་འབེབས་བྱས་པའི་ཁྲིམས་ལུགས་ལག་བསྟར་བྱ་དགོས་ཀྱི་རེད་ཅེས་གསུང་ཡད་པ་རེད། སྐུ་ཞབས་ཀ་པིལ་སི་སྦལ་མཆོག་གིས་ན་ནིང་རྒྱ་གར་ནང་དུ་ཡོད་པའི་དྲ་རྒྱའི་ཚོང་ལས་ཁང་ཁག་དང་ཐེངས་མང་པོ་གོ་བསྡུར་བྱས་ཏེ། དྲ་རྒྱའི་ཚོང་ལས་ཁང་ཚོས་དྲ་རྒྱ་བེད་སྤྱོད་གཏོང་མཁན་གྱི་གནས་ཚུལ་ག་རེ་ཡིན་པ་སྔོན་ལ་ཞིབ་འཇུག་བྱས་པའི་རྗེས་དྲ་རྒྱའི་ཐོག་བཀོད་སྤེལ་བྱ་རྒྱུ་ལས་གང་བྱུང་དུ་བཀོད་སྤེལ་བྱ་རྒྱུར་དམ་བསྒྲཌ་བྱ་དགོས་པའི་རེ་འདུན་གནང་ཡོད་པ་རེད།