རྒྱ་གར་གྱི་སྲིད་བློན་ནས་ཨ་རིའི་སྲིད་འཛིན་ཕེབས་བསུ་ཞུས་པ།

རྒྱ་གར་གྱི་སྲིད་བློན་དང་ཁོང་གི་སྐུ་ཟླས་ཨ་རིའི་སྲིད་འཛིན་དང་སྐུ་ཟླ་མིཤེལ་ཨྭོ་བྭ་མ་རྣམ་གཉིས་གནམ་ཐང་དུ་ཕེབས་བསུ་ཞུས་ཡོད་འདུག

༄༅༎རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངྒ་མཆོག་དང་སྐུ་ཟླ་གོར་ཤ་རན་ཀོའོར་རྣམ་གཉིས་ཀྱིས་ཨ་རིའི་སྲིད་འཛིན་ཨོ་བྭ་མྭ་མཆོག་དང་སྐུ་ཟླ་ མིཤེལ་ཨྭོ་བྭ་མ་རྣམ་གཉིས་གནམ་ཐང་དུ་ཕེབས་བསུར་ཕེབས་ཞུས་ཡོད་འདུག

རེས་གཟའ་ཉི་མའི་ཉིན་རྒྱབ་སྲིད་བློན་གཏན་ཞལ་རྣམ་གཉིས་རྒྱལ་ས་ལྡི་ལིའི་གནམ་ཐང་དུ་ཨ་རིའི་སྲིད་འཛིན་གཏན་ཞལ་རྣམ་གཉིས་ཕེབས་བསུར་ཕེབས་རྒྱུའི་ཐག་གཅོད་གནང་བ་དེས་ཡུལ་གཉིས་ཀྱི་འབྲེལ་དང་ གཟིགས་སྐོར་འདིར་གནད་འགག་ཆེན་པོར་ངོས་འཛིན་མཚོན་གྱི་ཡོད་ལུགས་འབྲེལ་ཡོད་དཔོན་རིགས་ཚོས་འགྲེལ་བརྗོད་གནང་ཡོད་འདུག སྲིད་བློན་མན་མོ་ཧང་སིངྒ་མཆོག་གིས་སྲོལ་རྒྱུན་མིན་པའི་དེ་འདྲའི་སྣེ་ལེན་ཐེངས་གཉིས་ཞུས་ཡོད་པ་དེ་ནི་ཨ་རིའི་སྲིད་འཛིན་ཇྭོརྗེ་སྦུཤེ་མཆོག་དང་ སའོ་རྡི་ཨ་ར་བྭ་ཡའི་རྒྱལ་པོ་ཨབ་རྡུ་ལ་བྭིན་ཨབ་རྡུ་ལ་ཨཛིཛེ་ཡིན་པ་རེད། སྲིད་འཛིན་སྦུ་ཤེ་ཡིས་ཕྱི་ལོ་༢༠༠༥ལོར་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངྒ་མཆོག་ཨ་རིར་གཟིགས་སྐོར་དུ་ཕེབས་སྐབས་ཡུལ་གཉིས་དབར་རྡུལ་ཕྲན་ནུས་ཤུགས་ཀྱི་ཚོང་འབྲེལ་གནང་རྒྱུའི་གསལ་བསྒྲགས་གནང་རྗེས་ཕྱི་ལོ་༢༠༠༦རྒྱ་གར་ལ་གཟིགས་སྐོར་དུ་ཕེབས་པ་རེད། སའོ་རྡི་ཨ་ར་བྭ་ཡའི་རྒྱལ་པོ་ཨབ་རྡུ་ལ་བྭིན་ཨབ་རྡུ་ལ་ཨཛིཛེ་མཆོག་ཕྱི་ལོ་༢༠༠༦ལོར་རྒྱ་གར་གྱི་རང་བཙན་ཉིན་མོའི་དུས་དྲན་སྲུང་བརྩིའི་མཛད་སྒོར་གདན་ཞུ་གནང་བ་དེས་རྒྱ་གར་གྱི་ཁ་ཆེའི་འཛམ་གླིང་དང་མི་མང་ཆེ་བསྟོད་ཞུས་པ་མཚོན་གྱི་ཡོད་ལུགས་འགྲེལ་བརྗོད་བྱས་འདུག

སྲིད་འཛིན་ཨྭ་བྭ་མཆོག་གི་གཟིགས་སྐོར་འདིའི་ཐོག་ནས་རྒྱ་གར་དང་ཨ་རིའི་དབར་འཁྲུག་ཆ་དོད་པའི་དུས་རབས་ཉི་ཤུ་རྩ་གཅིག་གི་ནང་མཛའ་འབྲེལ་བསྲ་བརྟན་བཟོ་རྒྱུའི་གོ་སྐབས་བཟང་པོ་ཤིག་ཡིན་པ་དང་ འདས་པའི་ལོ་གསུམ་བཅུའི་ཨ་རིའི་སྲིད་འཛིན་ཞིག་གིས་ལོ་དུས་དང་པོའི་ནང་རྒྱ་གར་ལ་གཟིགས་སྐོར་ཕེབས་མཁན་ཐོག་མ་དེ་ཡང་ཆགས་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org