རྒྱ་གར་མནའ་འབྲེལ་གཞུང་འོས་བསྡུ་ཕམ་ཉེས་ཡོད་པ།

ཨུ་ཏར་པྲ་དེཤ་མངའ་སྡེའི་འོས་བསྡུའི་ནང་ཀོང་རེས་ཚོགས་པ་ཕམ་ཉེས་ཡོད་པའི་སྔོན་དཔག

༄༅༎རྒྱ་གར་ནང་མནའ་འབྲེལ་གཞུང་འཛིན་ཚོགས་པ་ཀོངྒེ་རེ་སེ་(Congress) ཚོགས་པར་གནད་འགག་ཆེ་བའི་ཨུ་ཏར་པར་རྡེཤེ་མངའ་སྡེའི་འོས་བསྡུར་རྒྱལ་ཁ་ཐོབ་པའི་ཐབས་ཤེས་འདྲ་མིན་གནང་ཡང་དེ་ལྟར་བྱུང་མེད་པ་ཚོད་དཔག་བྱེད་ཀྱི་ཡོད་འདུག
ཕྱི་ལོ་༢༠༠༩ལོར་རྒྱལ་ཡོངས་འོས་བསྡུའི་སྐབས་རྒྱལ་ཁ་ཐོབ་པ་ནས་བཟུང་ཀོངྒ་རེ་སེ་ཚོགས་པས་མི་མང་གི་དཀའ་ངལ་སེལ་ཆེད་ལས་འགུལ་སྣ་ཚོགས་ཤིག་སྤེལ་རྒྱུའི་འབད་བརྩོད་གནང་ཡོད་ཀྱང་གྲུབ་འབྲས་སོན་མེད་པོའི་རྣམ་པར་རེས་གཟའ་པ་སངས་ཉིན་མཇུག་སྒྲིལ་བའི་མངའ་སྡེའི་འོས་བསྡུའི་ནང་ཀོངྒ་རེ་སེ་ཚོགས་པ་ཨང་་གསུམ་པ་ལུས་ཡོད་པའི་སྔོན་དཔག་བྱེད་ཀྱི་ཡོད་འདུག། མངའ་སྡེ་གྲོས་ཚོགས་ཀྱི་ཞབས་སྟེགས་༤༠༣ཡོད་པ་ནས་ད་ལྟར་ཀོངྒེ་རེ་ཚོགས་པར་ཞབས་སྟེགས་༢༢ནས་མེད་པ་དེ་༥༠ཐམ་པར་འཕར་རྒྱུར་ཚོད་དཔག་བྱེད་བཞིན་པ་རེད། རེས་གཟའ་མིག་དམར་ཉིན་གསལ་བསྒྲགས་གནང་རྒྱུའི་འོས་བསྡུའི་གྲུབ་འབྲས་ནང་མངའ་སྡེའི་བློན་ཆེན་ མ་ཡ་བྭ་ཏི་དང་ཁོང་གི་ཚོགས་པ་བྭ་ཧུ་ཇན་ས་མཇ་ཞེས་པ་ཡང་ཕྱོགས་འགལ་ཚོགས་པ་ས་མཇ་ལྦ་རྡི་ཞེས་པ་ཕམ་ཉེས་བཏང་ཡོད་འདུག འོན་ཀྱང་ཚོགས་པ་དེ་ཁོ་ནས་གཞུང་འཛིན་ཐུབ་པའི་མང་མོས་རྒྱལ་ཁ་ཐོབ་མེད་འགྲེལ་བརྗོད་བྱས་འདུག བརྒྱུད་ལམ་ཁག་གིས་ཚོད་དཔག་ལྟར་ན་ ཀོངྒ་རེ་སེ་དང་ཕྱོགས་གཏོགས་ཚོགས་པ་ཚེར་ཞབས་སྟེགས་༣༩ནས་༥༥བར་དང་ ས་མ་ཇི་ཝ་དྷི་ཚོགས་པ་ཁོ་ནར་ཞབས་སྟེགས་༡༣༧ནས་༡༤༥བར་ཐོབ་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་འདུག། ཐེངས་འདིའི་འོས་བསྡུའི་སྐབས་ནེ་རུ་དང་གྷན་རྡིའི་མི་བརྒྱུད་ར་ཧུལ་ གྷན་རྡིས་ ཀོངྒེ་རེ་སེ་ཚོགས་པར་རྒྱལ་ཁབ་ཐོབ་པའི་ཆེད་སྐུལ་ངལ་ཆེན་པོ་སྐྱོན་ཡོད་རེད། ད་རིང་གི་གྲུབ་འབྲས་འདིའི་ཁོང་ལོ་ཤས་ནང་ཚུད་སྲིད་བློན་གྱི་བསྐོག་གཞག་ཡོང་མིན་ལའང་བསམ་ལོ་བཏང་ཡ་ཞིག་ཆགས་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org