བཙན་བྱོལ་བོད་མིའི་འོས་བསྡུའི་སྐབས་རྟོག་ཞིབ་གནང་རྒྱུ།

རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཚོགས་པས་བཙན་བྱོལ་བོད་མིའི་འོས་བསྡུའི་སྐབས་རྟོག་ཞིབ་གནང་རྒྱུ།

༄༅༎རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཚོགས་པས་འདི་ལོའི་བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་བསྡུའི་སྐབས་རྟོག་ཞིབ་ཚོགས་ཆུང་ཆེད་གཏོང་གནང་རྒྱུ་ཡིན་འདུག

འདི་ཚེས་དགུ་ཉིན་ཡོ་རོབ་དང་ཁེ་ན་ཌ་ ཨ་མི་རི་ཀ་བཅས་ནང་ཟུང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཕྱི་ཟླ་གསུམ་པའི་ཚེས་༢༠ཉིན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ལྷན་ཚོགས་ཀྱི་དངོས་གཞིའི་འོས་བསྡུའི་ལས་དོན་རྟོག་ཞིབ་ཆེད་ཡོ་རོབ་དང༌། སྦ་ར་སེལྶེ་དང་ ཛུརིག བྱང་ཨ་རིའི་ནང་ཀྲོ་རན་ཀྲོ་དང་ནིའུ་ཡོཀ་བཅས་ས་གནས་བཞིརརྒྱལ་སྤྱིའི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཚོགས་པས་ཆེད་ལས་པའི་སྐུ་ཚབ་ཚོགས་ཆུང་གཏང་རྒྱུར་ཐག་གཅོད་གནང་ཡོད་འདུག

ཚོགས་པའི་སྐུ་ཚབ་སྔ་ལོ་ཕྱི་ཟླ་དགུ་པའི་ཚེས་གཉིས་ཉིནརྒྱ་གར་ལྷོ་ཕྱོགས་སྦའེ་ལ་ཀོ་པི་བོད་མིའི་གཞིས་ཆགས་སུ་ཕེབས་སྐབས་འོས་བསྡུ་དངོས་གཞིའི་སྐབསརྒྱལ་སྤྱིའི་རྟོག་ཞིབ་ཚོགས་ཆུང་གདན་ཞུ་གནང་དགོས་སྐོར་དབུས་འོས་བསྡུ་ལས་ཁང་ལ་འབོད་སྐུལ་ཞུས་གནང་བ་ལྟརའོས་བསྡུ་ལས་ཁུངས་ཀྱིས་དེ་ལྟར་གདན་ཞུ་གནང་ ཡོད་པ་མ་ཟད་མཐུན་འགྱུར་གང་ཡོང་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་འདུག ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་མ་ཏིའོ་མེ་ཁ་ཆི་ལས་དོན་དེའི་ཆེད་རྡ་རམ་ས་ལར་ཕེབས་སྐབས་རྒྱལ་སྤྱིའི་ཐོག་ད་བར་བྱུང་མ་མྱོང་བའི་བོད་མི་འོས་བསྡུའི་ལས་དོན་ཁྱད་པར་ཅན་འདི་དམངས་གཙོའི་རྒྱབ་ཚང་མས་དོ་སྣང་དང་ཡིད་སྨོན་བྱེད་འོས་པ་ཞིག་རེད་ཅེས་གསུངས་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org