རྒྱལ་སྤྱིའི་གཞོན་ནུ་བོད་རིག་པའི་ལྷན་ཚོགས་ཐེངས་བཞི་པ།

རྒྱལ་སྤྱིའི་གཞོན་ནུ་བོད་རིག་པའི་ལྷན་ཚོགས་ཐེངས་བཞི་པ་དེ་ཇར་མ་ནིའི་ལ་ཚིག་ས་གནས་སུ་ཚོགས་སུ་ཚོགས་ཡོད་པ་རེད།

རྒྱལ་སྤྱིའི་གཞོན་ནུ་བོད་རིག་པའི་ལྷན་ཚོགས་ཀྱི་དྲ་ངོས། དྲ་བཤུས

རྒྱལ་སྤྱིའི་གཞོན་ནུ་བོད་རིག་པའི་ལྷན་ཚོགས་ཐེངས་བཞི་པ་དེ་ཇར་མ་ནིའི་ལ་ཚིག་ས་གནས་སུ་ཚོགས་སུ་ཚོགས་ཡོད་པ་རེད།
དེ་ཡང་ཇར་མན་ཤར་ཕྱོགས་ཀྱི་གྲོང་ཁྱེར་Leipzigལ་ཚེག་གི་གཙུག་ལག་སློབ་གྲའི་ནང་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་ལྷན་ཚོགས་ཐེངས་བཞི་བ་དེ་ཚོགས་ཡོད་པ་དང་། དེའི་ཐོག་འཛམ་གླིང་ཡུལ་ཁག་ནས་ལྷན་ཚོགས་འདིར་ཕེབས་རྒྱུར་རྩོམ་བྲིའི་ཡི་གེ་གཏོང་མཁན་ཁྱོན་མི་གྲངས་ཉིས་བརྒྱ་ཙམ་བྱུང་བ་རེད། ཡིན་ནའི་རྩོམ་གི་ཚད་གཞི་སོགས་དང་མཐུན་པ་ཁྱོན་མིའི་གྲངས་འབོར་དེའི་བརྒྱ་ཆ་སུམ་ཅུ་ཙམ་ལྷན་ཚོགས་ཐོག་བཞུགས་རྒྱུར་གདན་ཞུ་ཕུལ་ཡོད་ཀྱང་རྒྱ་ནག་དང་རྒྱ་གར་སོགས་ནས་ཕེབས་མཁན་མང་པོ་ཞིག་ལ་ཐོངས་མཆན་མ་འཐོབ་པ་དང་། འགྲོ་གྲོན་གྱི་དཀའ་ངལ་སོགས་ཀྱིས་ལྷན་ཚོགས་དེར་མཉམ་ཞུགས་གནང་ཐུབ་མཁན་རྒྱལ་ཁབ་༡༥ཙམ་ནས་མི་གྲངས་དགུ་ཅུ་གོ་བཞི་ཙམ་ལས་བྱུང་མེད་པ་ལྷན་ཚོགས་གོ་སྒྲིག་གནང་མཁན་གྱིས་འགྲེལ་བརྗོད་གནང་འདུག
ལྷན་ཚོགས་གྲ་སྒྲིག་གནང་མཁན་གྱིས་ད་རེས་ཀྱི་ལྷན་ཚོགས་ལེགས་གྲུབ་བྱུང་བའི་སྐོར་ཡང་འགྲེལ་བརྗོད་གནང་འདུག ད་རེས་ཀྱི་ལྷན་ཚོགས་དེའི་ཐོག་རྒྱལ་རབས་ལོ་རྒྱུས་དང་། དེང་དུས་བོད་ནང་གི་འབྲོག་པའི་གནས་བབ་དང་། བཙན་བྱོལ་བོད་མི། རིག་གཞུང་དང་། སྲོལ་རྒྱུན་རྣམ་ཐར། སྒྱུ་རྩལ་སོགས་སྡེ་ཚན་ཁག་ཉི་ཤུ་ལྷག་ཙམ་དབྱེ་ཡོད་པ་རེད།   
རྒྱལ་སྤྱིའི་གཞོན་ནུ་བོད་རིག་པའི་ལྷན་ཚོགས་དེ་བཞིན་༢༠༠༧ལོར་དབྱིན་ཇིའི་རྒྱལ་ས་ལོན་ཊོན་ནང་ཐོག་མ་དེ་ཚུགས་པ་ནས་བཟུང་ད་རེས་ཀྱི་ཚོགས་ཐེངས་བཞི་པ་དེ་ཡིན་པ་རེད།

གསར་འགོད་པ་འཆི་མེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org