ཨི་ཊ་ལིའི་གྲོས་ཚོགས་བོད་དོན་ཚོགས་འདུ་ཐེངས་དང་པོ།
ཨི་ཊ་ལིའི་གཞུང་གི་གྲོས་ཚོགས་ནང་བོད་དོན་གྱི་ཆེད་ཚོགས་པ་དེའི་ཚོགས་འདུ་ཐེངས་དང་པོ་དེ་ཕྱི་ཟླ་༧པའི་ཚེས་༨ཉིན་གནང་ཡོད་པ་རེད་
-
2008-07-10 -
-
-
༄༅༎ཉེ་ཆར་ཨི་ཊ་ལིའི་གཞུང་གི་གྲོས་ཚོགས་ནང་བོད་དོན་གྱི་ཆེད་དུ་གྲོས་ཚོགས་ཀྱི་ཚོགས་མི་༡༢༠ལྷག་ཡོད་པའི་ཚོགས་པ་ཞིག་ཆེད་འཛུགས་གནང་ཡོད་པ་དེའི་ཚོགས་འདུ་ཐེངས་དང་པོ་དེ་ཕྱི་ཟླ་༧པའི་ཚེས་༨ཉིན་གནང་ཡོད་པ་རེད་
ཚོགས་འདུ་དེའི་སར་གྲོང་ཁྱེར་ཇི་ནི་སྦར་བཅའ་བཞུགས་བཙན་བྱོལ་བོད་གཞུང་གི་༸གོང་ས་མཆོག་གི་སྐུ་ཚབ་ཚེ་བརྟན་བསམ་འགྲུབ་ལགས་ཀྱིས་ཨི་ཊ་ལིའི་བོད་དོན་ཆེད་ཀྱི་གྲོས་ཚོགས་དེའི་སར་གསུང་བཤད་གནང་ཡོད་པ་རེད་ ཁོང་གི་གསུང་བཤད་ནང་དེང་སྐབས་བོད་དུ་རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་བྱས་དང་བྱེད་བཞིན་ཡོད་ཐོག་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་མེད་པའི་བཙན་དབང་འོག་དཀའ་ངལ་ཅན་གྱི་གནས་སྟངས་འདིའི་འོག་ཉེ་ཆར་༸གོང་ས་མཆོག་གི་སྐུ་ཚབ་རྣམ་པ་ཚོས་རྒྱ་ནག་གཞུང་དང་བཀའ་གྲོས་ཐེངས་བདུན་པ་དེ་གནང་ཡོད་པའི་སྐོར་སོགས་འགྲེལ་བརྗོད་ཞུས་གནང་ཡོད་པ་རེད་
དེ་བཞིན་ཁོང་གིས་ཨི་ཊ་ལིའི་གྲོས་ཚོགས་ཀྱི་ཚོགས་མི་ཚོར་འབོད་སྐུལ་ཞུས་གནང་སྟེ་ རྒྱ་ནག་ནང་ཨོ་ལིམ་པིག་གི་ལུས་རྩལ་འགྲན་ཚོགས་སྐབས་སུ་ཙམ་མ་ཡིན་ད་དུང་དེའི་རྗེས་སུའང་གང་ལྟར་བོད་ནང་བོད་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས་ ད་དུང་མུ་མཐུད་དེ་རྒྱབ་སྐྱོར་གནང་རོགས་གནང་ཞེས་རེ་སྐུལ་ཞུས་གནང་ཡོད་པ་དང་དེ་བཞིན་ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་དོན་ནི་འཚེ་མེད་ཞི་བའི་ལམ་གྱི་སྒོ་ནས་བོད་རང་བཙན་བརྩོན་ལེན་གནང་གི་མེད་པ་དང་བོད་ནང་ལུས་སེམས་གཉིས་ཀ་བདེ་སྐྱིད་ཡོང་ཆེད་བོད་ཀྱི་ཆོས་དང་རིག་གཞུང་སོགས་བོད་མི་མང་གི་ཐོུང་མ་ཡིན་པའི་རིག་གཞུང་ཆོས་ལུགས་གོམས་སྲོལ་སོགས་མི་ཉམས་གོང་འཕེལ་གཏོང་གནང་རྒྱུའི་དགོངས་གཞི་ཡོད་སྐོར་སོགས་གསུང་བཤད་གནང་ཡོད་པའི་གནས་ཚུལ་ཐོན་བཞག།