འཇམ་དབྱངས་བསྟན་འཛིན་ལགས་བཙོན་བཀྲོལ་བྱུང་འདུག

བོད་རིགས་ཆབ་སྲིད་བཙོན་པ་འཇམ་དབྱངས་བསྟན་འཛིན་ལགས་བཙོན་བཀྲོལ་བྱུང་ནས་ཕྱིར་རང་ཁྱིམ་ལ་འབྱོར་འདུག

བོད་རིགས་ཆབ་སྲིད་བཙོན་པ་འཇམ་དབྱངས་བསྟན་འཛིན་ལགས་བཙོན་བཀྲོལ་བྱུང་ནས་ཕྱིར་རང་ཁྱིམ་ལ་འབྱོར་འདུག དེ་ཡང་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལི་ཐང་རྫོང་དུ་དགེ་འདུན་པ་འཇམ་དབྱངས་བསྟན་འཛིན་ལགས། དེ་སྔོན་སྤྱི་ལོ་༢༠༠༧་ལོའི་ཟླ་༡༠་བའི་ནང་དུ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་སྟེ་ལོ་གཉིས་ཀྱི་རྗེས་སུ་དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མི་ལོ་༣་ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། རྗེས་སུ་ཁོང་ནད་པར་གྱུར་ཏེ་གློད་གྲོལ་ཐུབ་ཡོད་ཀྱང་། ཡང་བསྐྱར་ཁོང་རྒྱ་གཞུང་གིས་ཉེས་འཛུགས་ཀྱིས་འཛིན་བཟུང་བྱས་ནས་ལོ་ངོ་༣་ལྷག་གིོ་རིང་ལ་བཙོན་འོག་ཏུ་བསྡད་རྗེས་ཉེ་ཆར་༢༠༡༥ཟླ༡སྤྱི་ཚེས་༢༤་ཉིན་གློད་བཀྲོལ་གྱིས་ཕྱིར་རང་ཁྱིམ་དུ་འབྱོར་སྐབས་ས་གནས་སྡེ་གྲོང་གི་སྐྱ་སེར་ཡོངས་ནས་ཕེབས་བསུ་ཞུས་ཡོད་འདུག

གསར་འགོད་པ་གུ་རུ་ཆོས་སྐྱིད།

ཞིབ་ཕྲ་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org