ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་རྐང་འཁོར་བརྡབ་སྐྱོན་རྗེས་ཕྱིར་ཕེབས་པ།
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་John Kerryམཆོག་རྐང་འཁོར་བརྡབ་སྐྱོན་རྗེས་ཨ་རིར་ཕྱིར་ལོག་གནང་དགོས་བྱུང་འདུག
-
2015-06-01 -
-
-
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་John Kerryམཆོག་རྐང་འཁོར་བརྡབ་སྐྱོན་རྗེས་ཨ་རིར་ཕྱིར་ལོག་གནང་དགོས་བྱུང་འདུག
དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་John Kerryརེས་གཟའ་ཟླ་བ་ཉིན་ཡོ་རོབ་ཀྱི་French Alpsཞེས་པའི་རིའི་ས་ཁུལ་དུ་རྐང་འཁོར་བརྡབ་སྐྱོན་བྱུང་བའི་རྐྱེན་གྱིས་ཨ་རིར་ཕྱིར་ལོག་གནང་དགོས་བྱུང་ཡོད་པ་དང་། རྐང་འཁོར་བརྡབ་སྐྱོན་བྱུང་བའི་རྗེས་དགུང་གྲངས་༧༡ལ་ཕེབས་པའི་སྐུ་ཞབས་Kerryསུས་སི་གྲོང་ཁྱེར་Genevaནང་ཡོད་པའི་སྨན་ཁང་ཞིག་ཏུ་སྐྱེལ་དགོས་བྱུང་ཡོད་པ་རེད། ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་ཐོག་མའི་འཆར་སྐུ་ཞབས་Kerryརེས་གཟའ་ཉི་མ་ཉིན་ཨ་རིར་ཕྱིར་ལོག་གནང་རྒྱུའི་འཆར་གཞི་ཡང་ཁོང་ཨ་རིར་ཕྱིར་ལོག་གནང་རྒྱུ་ཕར་འགྱངས་གནང་ནས་གཟའ་ཟླ་བར་ཕྱིར་ལོག་རྒྱུ་ཡིན་སྐོར་གསུངས་འདུག
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་John Kirbyཡིས་སྐུ་ཞབས་Kerryཐུགས་ལྷོད་ངང་ཡོད་མུས་དང་། ཁོང་དང་སྲིད་འཛིན་Barack Obamaདབར་ཞལ་པར་ཐོག་བཀའ་མོལ་བྱུང་ཡོད་སྐོར་གསུངས་འདུག སྐུ་ཞབས་Kerryསུས་སི་ནང་བདུན་སྔོན་མའི་རེས་གཟའ་སྤེན་པ་ཉིན་ཨི་རན་གྱི་རྡུན་ཕྲན་ནུས་ཤུགས་འདོན་སྤེལ་དང་འབྲེལ་སྐོར་བཀའ་བསྡུར་གནང་བར་ཕེབས་ཡོད་པ་དང་། ཁོང་གི་རྐང་འཁོར་བརྡབ་སྐྱོན་དེ་ཉིན་དེར་ཧྥ་རན་སིའི་གྲོང་གསེབ་Scionzierཟེར་བ་དེར་བྱུང་ཡོད་འདུག
སྔོན་འཆར་ལྟར་ན་ཁོང་སི་པན་ཡུལ་དུ་རྒྱལ་དོན་ཕྱོགས་བསྐྱོད་དང་། དེ་བཞིན་ཕི་རན་སི་རྒྱལ་ས་པེ་རིས་སུས་ནང་ཁ་ཆེའི་དྲག་སྤྱོད་ཤོག་ཁག་ISISཀྱི་དཀའ་རྙོག་དང་འབྲེལ་བའི་སྐོར་ལྷན་ཚོགས་དེར་བཅར་ཐུབ་རྒྱུ་མིན་སྐོར་གནས་ཚུལ་འདུག གོང་ཞུས་པེ་རིས་སུའི་ལྷན་ཚོགས་དེར་ཁོང་གི་ཚབ་ཏུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་སྐུ་ཞབས་Antony Blinkenབཅར་རྒྱུ་ཡིན་སྐོར་ཕྱི་སྲིད་ལྷན་ཁང་གིས་གསུངས་འདུག
གསར་འགོད་ལྷུན་གྲུབ་ཚེ་རིང་།