བཀའ་བློན་ཁྲི་པ་མཆོག་ཨ་རིའི་ནང་གཞུང་འབྲེལ་གཟིཌ་སྐོར།

བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གི་ཡོད་སྐོར་གནས་ཚུལ་སྤེལ་འདུག

༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་ཨ་རིའི་ནང་གཟིགས་སྐོར་དུ་ཕེབས་ཐོན་གནང་འདུག

བདུན་ཕྲག་སྔོན་མ་འདི་ག་རླུང་འཕྲིན་ཁང་གིས་ཐོག་མར་གནས་ཚུལ་སྤེལ་བར་བཞིན་ད་ཆ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་ཉིས་སྟོང་དགུའི་ཕྱི་ཟླ་བཞི་པའི་ཚེས་བཅུ་དྲུག་ཕྱི་དྲོ་ནས་ཚེས་ཉི་ཤུ་བདུན་སྔ་དྲོ་བར་ཉིན་གྲངས་བཅུའི་རིང་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གི་ཡོད་སྐོར་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག གསལ་བསྒྲགས་ནང་དོན་ལྟར་ན་བཀའ་བློན་ཁྲི་པ་མཆོག་འདི་ཟླའི་ཚེས་བཅུ་དྲུག་ཕྱི་དྲོ་རྡ་ས་ནས་པཊན་ཀོཊི་བརྒྱུད་ཕེབས་ཐོན་གྱིས་ཚེས་བཅུ་བདུན་སྔ་དྲོ་ལྡི་ལིར་ཕེབས་འབྱོར་གནང་སྟེ་ཉིན་དེའི་ཕྱི་དྲོ་ལྡི་ལི་ནས་མཁའ་ལམ་ཐོག་ལོན་ཌོན་བརྒྱུད་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཊོན་དུ་ཕེབས་འབྱོར་གྱིས་ཚེས་བཅུ་དགུ་ནས་ཉི་ཤུ་གསུམ་བར་ཉིན་གྲངས་ལྔ་རིང་ཁུལ་དེའི་ལས་འཆར་ཁག་བསྐྱང་རྒྱུ་དང་ཕྱི་ཚེས་ཉི་ཤུ་ལྔ་ཉིན་ལོན་ཌོན་ནས་ལྡི་ལི་བརྒྱུད་ཕྱི་ཚེས་ཉི་ཤུ་བདུན་ཉིན་སྔ་དྲོ་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག མཛད་འཆར་སྐོར་ད་ལྟའི་སྐབས་གནས་ཚུལ་གང་ཡང་སྤེལ་མི་འདུག་ཀྱང་བཀའ་བློན་ཁྲི་པ་མཆོག་གིས་བོད་དོན་དང་འབྲེལ་བའི་ཨ་རིའི་ཆེས་མཐོའི་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་ཐེ་ཚོམ་མེད་པ་རེད།

སྔོན་དུ་རྒྱང་བསྲིངས་ཞུས་པ་ལྟར་འདི་ཚེས་བཅུ་དགུ་རེས་གཟའ་ཉི་མའི་ཉིན་རྒྱབ་བཀའ་བློན་ཁྲི་པ་མཆོག་ཨ་རིའི་རྒྱལ་སའི་ཁུལ་གྱི་བོད་རིགས་རྣམས་དང་ཟུར་མཇལ་གནང་གཏན་འཁེལ་ཡོད་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org