བཀའ་བློན་ཁྲི་པར་སྲིད་སྐྱོང་བ་ཞེས་འབོད་རྒྱུར་བསྐྱར་བཅོས།
སྐབས་༡༥པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག བཀའ་བློན་ཁྲི་པར་སྲིད་སྐྱོང་བ་ཞེས་འབོད་རྒྱུའི་བསྐྱར་བཅོས་ཀྱི་གྲོས་འཆར་ལ་སྤྱི་མོས་བྱུང་འདུག
-
2012-09-20 -
-
-
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༠ རེས་གཟའ་ཕུར་བུའི་ཉིན་རྒྱབ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་བཅའ་ཁྲིམས་དོན་ཚན་བཅུ་དགུ་པས་མཚོན་པའི་བཅའ་ཁྲིམས་ནང་བཀའ་བློན་ཁྲི་པ་ཞེས་པའི་ཚབ་ཏུ་སྲིད་སྐྱོང་ཞེས་བསྐྱར་བཅོས་གནང་རྒྱུར་སྤྱི་མོས་ཐོག་ནས་རྒྱབ་སྐྱོར་ཐོབ་ཡོད།
དེ་ཡང་སྔ་ལོ་ཕྱི་ཟླ་ ༨ ཚེས་ ༨ ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གི་བཀའ་ཁྲིའི་དམ་འབུལ་མཛད་སྒོའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་རང་ལོ་བཅུ་དྲུག་སྐབས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཆབ་སྲིད་ཀྱི་དབང་ཆ་རྩིས་ལེན་ཞུས་པ་ཡིན། ད་ཆ་ལོ་དྲུག་ཅུ་ཕྱིན་རྗེས་མང་གཙོའི་ཐོག་ནས་འོས་འདེམས་བྱས་ཏེ་ཐོན་པའི་བློ་བཟང་སེང་གེ་ལགས་སྲིད་སྐྱོང་གསར་པ་ཆགས་ཡོད། ཅེས་བཀའ་གནང་ཡོད་པ་རེད།།